2025ལོའི་ལྗོངས་ཡོངས་ཀྱི་སྐོར་གཟིགས་སྐོར་ཞིབ་ལས་དོན་ཚོགས་འདུ་དང་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་རེས་སྐོར་བདུན་པའི་སྐོར་གཟིཌ་ལས་དོན་གྱི་སྐུལ་སློང་བཀོད་སྒྲིག་ཚོཌ་འདུ་འཚོཌ་པ།
ཚེས་21ཉིན། 2025ལོའི་ལྗོངས་ཡོངས་ཀྱི་སྐོར་གཟིགས་སྐོར་ཞིབ་ལས་དོན་ཚོགས་འདུ་དང་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་རེས་སྐོར་བདུན་པའི་སྐོར་གཟིགས་ལས་དོན་གྱི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་སྐོར་གཟིགས་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུང་ཀྲང་ཅང་ཝུན་ཕེང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་སྐོར་གཟིགས་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུང་ཀྲང་གཞོན་པ་ལའེ་ཅའོ་ཡིས་སྐོར་གཟིགས་ལས་དོན་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་བརྒྱུད་བསྒྲགས་གནང་བ་དང་། སྐོར་གཟིགས་ཚོགས་ཆུང་ཙུང་ཀྲང་གི་དབང་བསྐུར་འགན་བཞེས་དང་ལས་འགན་ལས་བགོས་ཁྱབ་བསྒྲགས་གནང་བ་རེད།
ཚོགས་འདུའི་ཐོག་རེས་སྐོར་བདུན་པའི་སྐོར་གཟིགས་ལས་དོན་དེ་སྐོར་གཟིགས་བྱ་ཡུལ་གྱི་ཁྱད་ཆོས་ལ་དམིགས་ཏེ། གཙོ་གནད་ཐོག་ལྟ་སྐུལ་གནད་འཁེལ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་དེ་བཞིན་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་དོན་འཁྱོལ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏིང་ཟབ། ཚན་ཁག་དང་དཔུང་ཁག་དང་གཞི་རིམ་ཏང་རྩ་འཛུགས་འཛུཌ་སྐྱོང་། སྐོར་གཟིགས་དང་རྩིས་བཤེར་སོགས་ལྟ་སྐུལ་བྱེད་རིང་ཤེས་རྟོགས་བྱུང་བའི་གནད་དོན་དག་ཐེར་སོགས་ཐད་ཀྱི་གནས་ཚུལ་ཤེས་རྟོགས་གཏིང་ཟབ་བྱས་ཏེ། སྐོར་གཟིགས་ཀྱི་དམིགས་སའི་རང་བཞིན་དང་ཕན་ནུས་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།