དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ཀྲུང་གོ་རྒྱལ་སྤྱིའི་འཛད་རྫས་དངོས་མང་སྟོན་ཚོགས་སྐབས་ལྔ་པ་མཇུག་འགྲིལ་བ།

    ​ བོད་ཀྱིས་གན་རྒྱ་བཞག་པའི་གྲོས་མཐུན་མ་འཇོག་དངུལ་འབོར་སྒོར་དུང་ཕྱུར་10.15ཟིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-04-23

    ཟླ་4ཚེས་18ཉིན། “སྒོ་དབྱེའི་གོ་སྐབས་མཉམ་དུ་སྤྱོད། མཛེས་སྡུག་འཚོ་བ་མཉམ་དུ་གཏོད”ཅེས་བརྗོད་དོན་གཙོ་བོར་བྱས་པའི་ཀྲུང་གོ་རྒྱལ་སྤྱིའི་འཛད་རྫས་དངོས་མང་སྟོན་ཚོགས་སྐབས་ལྔ་པ་ཧའེ་ནན་ཞིང་ཆེན་ཧའེ་ཁོའུ་གྲོང་ཁྱེར་དུ་མཇུག་འགྲིལ་བ་རེད།

    འགྲེམས་སྟོན་བྱེད་རིང་། བོད་ལྗོངས་འགྲེམས་ཁང་གིས“རི་ཀླུང་བརྒལ་ནས་བོད་ཀྱི་ཐོན་རྫས་ཕྱིར་གཏོང་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ནས་བོད་ཀྱི་ཁྱད་ཆོས་ལྡན་པའི་ཁེ་ལས་22འགྲེམས་སྟོན་ནང་ཞུགས་པའི་སྒྲིག་འཛུགས་བྱས་ཏེ། ས་མཐོའི་ཞིང་ཕྱུགས་ཞིང་འབྲོག་དང་། རིག་གནས་བསམ་བཀོད། བོད་ལུགས་གསོ་རིག་དང་སྨན་རྫས་སོགས་ཁྱབ་ཁོངས་ཀྱི“མཐོ་གསར་ཁྱད་ལེགས”ཐོན་རྫས་སྣ་ཁ་200ལྷག་ཙམ་འགྲེམས་སྟོན་བྱས་པ་རེད། འགྲེམས་སྟོན་མཇུག་མ་འགྲིལ་བའི་བར། བོད་ལྗོངས་འགྲེམས་ཁང་གིས་རིམ་རྩིས་བརྒྱབ་ན་མི་ཐེངས་9000ལྷག་ཙམ་ལ་སྣེ་ལེན་ཞུས་པ་དང་ས་གནས་ས་ཐོག་ཏུ་སྒོར་ཁྲི་199.4རི་བའི་ཐོན་རྫས་ཕྱིར་ཚོང་བྱས་པ་དེ་སྐབས་གོང་མ་དང་བསྡུར་ན་13.1%འཕར་བ་དང་། སྒོར་ཁྲི་62རི་བའི་ཉོ་སྒྲུབ་མངགས་ཐོ་བཞག་པས་སྤུས་རྟགས་ཀྱི་ཤུགས་རྐྱེན་སྔར་བས་ཆེ་རུ་ཕྱིན་ཡོད།

    གཞན་ཡང་། བོད་རང་སྐྱོང་ལྗོངས་ཀྱིས་འཛད་རྫས་དངོས་མང་སྟོན་ཚོགས་ཀྱི་ལས་སྟེགས་བརྒྱུད། ཚོང་འགུགས་མ་འདྲེན་གྱི་འོས་སྦྱོར་ཚོགས་འདུ་གྲུབ་འབྲས་ཐོབ་པའི་ངང་འཚོགས་པ་དང་། ས་གནས་ས་ཐོག་ཏུ་རྣམ་གྲངས་2ལ་གན་རྒྱ་བཞག་པ་དང་གྲོས་མཐུན་མ་འཇོག་དངུལ་འབོར་སྒོར་དུང་ཕྱུར་10.15ཟིན་གྱི་ཡོད་པ་རེད། རང་སྐྱོང་ལྗོངས་ཚོང་དོན་ཐིང་ཏང་ཙུའི་ཁོངས་མི་དང་ཐིང་ཀྲང་གཞོན་པ་ཧྲེ་ཁྲེང་ཧྭ་ཡིས། གོམ་སྟབས་རྗེས་མར། རང་སྐྱོང་ལྗོངས་ཚོང་དོན་ཐིང་གིས་འཛད་རྫས་དངོས་མང་སྟོན་ཚོགས་སོགས་ཆུ་ཚད་མཐོ་བའི་འགྲེམས་ཚོགས་ཀྱི་ལས་སྟེགས་མུ་མཐུད་ཡག་པོ་སྤྱད་དེ། བོད་ཀྱི་ཁེ་ལས་དེ་བས་མང་བར་འབྲེལ་ཟམ་དང་འབྲེལ་ཐག་བཏོད་ནས་བོད་ཀྱི་ཁྱད་ཆོས་ལྡན་པའི་ཐོན་རྫས་དེ་བས་རྒྱ་ཆེ་བའི་ཁྲོམ་རར་འདོན་རྒྱུར་སྐུལ་འདེད་གཏོང་བ་དང་བོད་ཀྱི་ཁྱད་ཆོས་ལྡན་པའི་ཐོན་ལས་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་བར་རོགས་རམ་བྱས་ནས། འཛམ་གླིང་གིས་བོད་ཀྱི་ཐོན་རྫས་ཡག་པོ་མཐོང་ཐུབ་པ་དང་བོད་ཀྱི་ཡིད་དབང་འཕྲོག་ཤུགས་ཚོར་ཐུབ་པ་བྱེད་ཀྱི་ཡིན་ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།