རྒྱལ་སྤྱིའི་ཕིང་ཕང་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐྱེས་པ་དང་བུད་མེད་ཀྱི་འཛམ་གླིང་བུམ་པའི་གྲལ་འབུད་འགྲན་བསྡུར་གྱི་ཉིན་དང་པོར་ཀྲུང་གོ་རུ་ཁག་གི་བདམས་ཐོན་པ་7ཚང་མ་རིམ་པ་གོང་མར་ཚུད་པ།
ཀྲུང་གོའི་བདམས་ཐོན་པ་སུན་ཡིང་ཧྲ་ཡིས་4བསྡུར་0གྱི་གྲུབ་འབྲས་ཐོག་ནས་ཀྲུང་གོའི་བདམས་ཐོན་པ་ཁོའེ་མན་ལས་རྣམ་པར་རྒྱལ་ནས་ཨང་དང་པོ་བླངས་པ་རེད། འདི་ནི་སུན་ཡིང་ཧྲ་ཡིས་རྒྱལ་ཁ་ཐོབ་པར་རྟེན་འབྲེལ་ཞུ་བ།
ཀྲུང་གོ་རུ་ཁག་གི་བདམས་ཐོན་པ་ཝང་མན་ཡུས་ཀྱིས་4བསྡུར་3གྱི་གྲུབ་འབྲས་ཐོག་ནས་རི་པིན་རུ་ཁག་གི་བདམས་ཐོན་པ་ཀྲང་པིན་མེ་ཧོ་ལས་རྣམ་པར་རྒྱལ་ཏེ་ལེགས་གྲས་བརྒྱད་ཀྱི་ནང་ཚུད་ཡོད། འདི་ནི་ཝང་མན་ཡུས་ཀྱིས་འགྲན་བསྡུར་ཁྲོད་ངར་སྐད་སྒྲོག་བཞིན་པ།
ཀྲུང་གོ་རུ་ཁག་གི་བདམས་ཐོན་པ་ལིན་ཧྲི་ཏུང་གིས་4བསྡུར་3གྱི་གྲུབ་འབྲས་ཐོག་ནས་སུའེ་ཏེན་རུ་ཁག་གི་བདམས་ཐོན་པ་ཁར་པོ་ཀེ་ལས་རྣམ་པར་རྒྱལ་ཏེ་ལེགས་གྲས་བརྒྱད་ཀྱི་ནང་ཚུད་ཡོད། འདི་ནི་ལིན་ཧྲི་ཏུང་གིས་འགྲན་བསྡུར་བྱེད་བཞིན་པ།
ཚེས་17ཉིན། 2025ལོའི་རྒྱལ་སྤྱིའི་ཕིང་ཕང་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐྱེས་པ་དང་བུད་མེད་ཀྱི་འཛམ་གླིང་བུམ་པའི་འགྲན་བསྡུར་ཀྲུང་གོའི་ཨའོ་མོན་དུ་གྲལ་འབུད་འགྲན་བསྡུར་གྱི་དུས་མཚམས་སུ་སླེབས་ཡོད། ཉིན་དེར་མཇུག་འགྲིལ་བའི་འགྲན་བསྡུར་ཁག་གི་1/8ཡི་མཐའ་བསྡུར་ཁྲོད། ཀྲུང་གོ་རུ་ཁག་གི་བུད་མེད་བདམས་ཐོན་པ་4དང་སྐྱེས་པའི་བདམས་ཐོན་པ་3ཚང་མ་འགྲན་ཡ་ལས་རྣམ་པར་རྒྱལ་ནས་རིམ་པ་གོང་མར་ཚུད་ཡོད།