དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱི་ལྗང་མདོག་ཁྲལ་བསྡུས་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-04-22

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། “ནུབ་རྒྱུད་གཏེར་ལས་མ་རྐང་ཚད་ཡོད་ཀུང་སིའི་ཞི་ཐེ་ཧྲན་ཡན་ལག་ཀུང་སིས་ལྗང་མདོག་འཕེལ་རྒྱས་ཀྱི་འབོད་སྐུལ་དང་ལེན་ཧུར་ཐག་བྱས་ཏེ། ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་རྒྱུན་མཐུད་ནས་ཟབ་ཏུ་བཏང་བ་དང་ཁོར་ཡུག་སྲུང་སྐྱོང་གི་ལག་རྩལ་ཞིབ་འཇུག་གསར་སྤེལ་དང་སྒྲིག་ཆས་གསར་སྒྱུར་ཐད་མ་དངུལ་གཏོང་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ཡོད། སྔོག་འདོན་དང་གཏེར་འདེམས་ཀྱི་བརྒྱུད་རིམ་ལེགས་སུ་བཏང་བ་བརྒྱུད། ཀུང་སིའི་ཐོན་ཁུངས་སྤྱོད་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་དང་། 2024ལོ་ནས་ད་བར་ཀུང་སི་དེར་ཐོན་ཁུངས་དཔྱ་ཁྲལ་སྒོར་ཁྲི་682.34ཆག་ཡང་དང་རྩ་ཆག་བཏང་ཡོད” ཟླ་4ཚེས་18ཉིན། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས། དུས་ཚིགས་དང་པོར་ཞིང་ཆེན་ཡོངས་ཀྱི་ཐོན་ཁུངས་དཔྱ་ཁྲལ་དང་རྨོ་ཞིང་བཟུང་སྤྱོད་དཔྱ་ཁྲལ་སོགས་ལྗང་མདོག་ཁྲལ་རིགས་ཆེན་པོ་བཞི་ལ་རིམ་རྩིས་བརྒྱབ་ན་སྒོར་དུང་ཕྱུར་10.18ཟིན་པས། ཁྲལ་བསྡུའི“ལྗང་མདོག་སྒུལ་འཁོར”གྱིས་ས་མཐོའི་དཔལ་འབྱོར་དང་སྐྱེ་ཁམས་སྲུང་སྐྱོང་གོམ་སྟབས་གཅིག་གྱུར་ཡོང་བར་སྐུལ་འདེད་གཏོང་བཞིན་ཡོད་ཅེས་བཤད།

    མཚོ་སྔོན་ཁྲལ་དོན་གྱིས་ལྗང་མདོག་ཁྲལ་བསྡུའི་ཁྲིམས་སྲོལ་ལག་བསྟར་བྱས་ནས་ཁེ་ལས་ལ་སྦགས་བཙོག་འབུད་ཚད་ཉུང་དུ་གཏོང་བ་དང་། ཁོར་ཡུག་བཅོས་སྐྱོང་ནང་ཧུར་ཐག་ཞུགས་པ། འཁོར་རྒྱུག་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་གཏོང་བ་བཅས་ཀྱི་ཁྲིད་སྟོན་ཧུར་ཐག་བྱས་ཏེ། ཐོན་ལས་ལྗང་མདོག་ཕྱོགས་སྒྱུར་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད། དུས་ཚིགས་དང་པོར་ཞིང་ཆེན་ཡོངས་ཀྱི་ཁྲལ་འཇལ་མཁན་ཐེམ་ཐེངས་གྲངས་56གིས་སྦགས་བཙོག་འབུད་གཏོང་གི་ཚད་གཞི་དམའ་བའི་དབང་གིས་ཁོར་ཡུག་སྲུང་སྐྱོང་དཔྱ་ཁྲལ་གྱི་གཟིགས་སྐྱོང་སྒོར་ཁྲི་162.07ལོངས་སྤྱོད་བྱས་པ་དང་། ཁྲལ་འཇལ་མཁན་ཐེམ་གྲངས172ཀྱིས་མཉམ་ཆགས་གཏེར་ཁ་དང་ལྷན་སྐྱེས་གཏེར་ཁ་དེ་བཞིན་གཏེར་སྙིགས་སོགས་ཀྱི་ཐོན་ཁུངས་དཔྱ་ཁྲལ་གྱི་གཟིགས་སྐྱོང་སྒོར་ཁྲི་2921.14ལོངས་སྤྱོད་བྱས་པ། ཐོན་ཁུངས་དཔྱ་ཁྲལ་གྱི་གཟིགས་སྐྱོང་སྒོར་ཁྲི་2921.14ལོངས་སྤྱོད་བྱས་པ། ཁྲལ་འཇལ་མཁན་ཐེམ་གྲངས21གིས་རྨོ་ཞིང་བཟུང་སྤྱོད་དཔྱ་ཁྲལ་གྱི་གཟིགས་སྐྱོང་སྒོར་ཁྲི་1835.95ལོངས་སྤྱོད་བྱས་པ། ནུས་རྒྱུ་གྲོན་ཆུང་དང་ནུས་རྒྱུ་གསར་པའི་རླངས་འཁོར་ཁྲི་2.2ལ་རླངས་འཁོར་དང་གྲུ་གཟིངས་ཀྱི་དཔྱ་ཁྲལ་གྱི་གཟིགས་སྐྱོང་སྒོར་ཁྲི་450.39ལོངས་སྤྱོད་བྱས་པ་བཅས་རེད། དེ་དང་ཆབས་ཅིག་མཚོ་སྔོན་ཁྲལ་དོན་གྱིས་ཁྲལ་འཇལ་བ་ལྟེ་བར་འཛིན་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ་ཞབས་ཞུ་དོ་དམ་རྒྱུན་མཐུད་གསར་གཏོད་བྱས་ནས་དྲ་ཐོག་ཁྲལ་གཉེར་གྱི་ནུས་པར་ཤུགས་སྣོན་བརྒྱབ་པ་རེད། རྒྱུ་ནོར་བྱ་སྤྱོད་དཔྱ་ཁྲལ་ཟླ་སྒྲིལ་སྙན་ཞུ་དང་རླངས་འཁོར་དང་གྲུ་གཟིངས་དཔྱ་ཁྲལ་ཚབ་ལེན་ཚབ་འཇལ་གྱི“མཐེབ་གཅིག་སྙན་ཞུ”སོགས་ཀྱི་བྱེད་ཐབས་ཁྱབ་གདལ་བཏང་བ་བརྒྱུད་ཁྲལ་འཇལ་བའི་ཁུར་པོ་ནུས་ལྡན་ངང་ཡང་དུ་ཕྱིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།