ཧ་སག་སི་ཐན་གྱི་ཨ་ལ་མུའུ་ཐུའུ་རུ“རྒྱལ་སྤྱིའི་རྒྱ་ཡིག་ཉིན་མོར”རྟེན་འབྲེལ་ཞུས་པ།
འདི་ནི་ཧ་སག་སི་ཐན་གྱི་ཨ་ལ་མུའུ་ཐུའུ་རུ“རྒྱལ་སྤྱིའི་རྒྱ་ཡིག་ཉིན་མོར”རྟེན་འབྲེལ་ཞུ་མཁན་གྱིས་ཀྲུང་གོའི་སྲོལ་རྒྱུན་གྱི་རྒྱན་གོས་གྱོན་ནས་པར་རྒྱག་བཞིན་པ།
འདི་ནི་ཟླ་4ཚེས་19ཉིན་ཧ་སག་སི་ཐན་གྱི་ཨ་ལ་མུའུ་ཐུའུ་རུ་མི་རྣམས་ཀྱིས“རྒྱལ་སྤྱིའི་རྒྱ་ཡིག་ཉིན་མོར”རྟེན་འབྲེལ་ཞུ་བའི་བྱེད་སྒོའི་རིང་ཀྲུང་གོའི་སྲོལ་རྒྱུན་གྱི་རོལ་ཆ་དཀྲོལ་བཞིན་པ།
ཚེས་19ཉིན“རྒྱལ་སྤྱིའི་རྒྱ་ཡིག་ཉིན་མོར”རྟེན་འབྲེལ་ཞུ་བའི་བྱེད་སྒོ་ཧ་སག་སི་ཐན་གྱི་ཨ་ལ་མུའུ་ཐུའི་ལྟེ་བའི་སོས་དལ་སྤྱི་གླིང་དུ་གཉེར་བ་དང་། ད་ཐེངས་ཀྱི་བྱེད་སྒོའི་ཁྲོད“རྒྱ་ཡིག་སྟེ། དུས་དང་བར་མཐོངས་ལས་བརྒལ་བའི་ལག་རྟགས”ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས་ཡིག་གཟུགས་དང་། ཀྲུང་གོའི་རི་མོ། རྒྱ་ཆས་གྱོན་པ་སོགས་ཀྲུང་གོའི་རིག་གནས་ཉམས་ལེན་བྱེད་སྒོ་དང་དེ་བཞིན་བརྒྱངས་དཀྲོལ་རོལ་ཆ་དཀྲོལ་བ་དང་སྤེལ་རེས་རོལ་རྩེད་སོགས་བཀོད་སྒྲིག་བྱས་ཡོད། ཀྲུང་གོ་དང་ཧ་སག་སི་ཐན་གྱི་སྲིད་ཕྱོགས་དང་། ཚོང་གཉེར། རིག་གཞུང་ལས་རིགས་ཀྱི་འཐུས་མི་དང་། རིག་གནས་མཉམ་སྡེབ། རྒྱ་ཡིག་ཆེད་ལས་ཀྱི་དགེ་སློབ་ཀྱི་འཐུས་མི་བཅས་དང་དེ་བཞིན་ཀྲུང་གོའི་རིག་གནས་ལ་དགའ་པོ་བྱེད་མཁན་རྣམས་མཉམ་འཛོམས་བྱས་ཏེ་དགའ་སྤྲོའི་ངང་ཀྲུང་ཧྭའི་རིག་གནས་ཀྱི་མཚར་སྡུག་མྱོང་རོལ་བྱས་པ་རེད།