དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲེ་ཅང་ཨན་ཅི་རུ། རྒྱལ་ཁབ་མང་པོའི་ཕྱི་སྦྱོང་སློབ་མས་དབྱིངས་ཞུགས་རྣམ་པའི་སྒོ་ནས་ཀྲུང་གོའི་གྲོང་གསེབ་ཤེས་ཚོར་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-04-22

    འདི་ནི་ཟླ་4ཚེས་20ཉིན། རྒྱལ་ཁབ་མང་པོའི་ཕྱི་སྦྱོང་སློབ་མས་ཧུའུ་ཀྲོའུ་གྲོང་ཁྱེར་ཨན་ཅི་རྫོང་ཁྲང་ཧྲུའོ་ཁྲོམ་གཞུང་ཧྲོང་དབྱི་གྲོང་ཚོའི་སྨྱུག་མའི་སྒྱུ་རྩལ་གླིང་དུ་སྨྱུག་བཟོས་ཐོན་རྫས་སྣ་ཚོགས་ལ་ལྟ་སྐོར་བྱེད་བཞིན་པ། ཟླ་4ཚེས་20ཉིན། ཀྲེ་ཅང་ཚན་རྩལ་སློབ་ཆེན་གྱི་རྒྱལ་ཁབ་མང་པོའི་ཕྱི་སྦྱོང་སློབ་མ་60ལྷག་ཙམ་གྱིས“ཀྲུང་གོ་ཤེས་ཚོར”གྱི་སྤྱི་ཚོགས་ལག་ལེན་བྱེད་སྒོ་ཀྲེ་ཅང་ཞིང་ཆེན་ཧུའུ་ཀྲོའུ་གྲོང་ཁྱེར་ཨན་ཅི་རྫོང་དུ་སྤེལ་བ་རེད། ཧུའུ་ཀྲོའུ་གྲོང་ཁྱེར་ཨན་ཅི་རྫོང་ཁྲང་ཧྲུའོ་ཁྲོམ་གཞུང་ཧྲོང་དབྱི་གྲོང་ཚོར། རྒྱལ་ཁབ་མང་པོའི་ཕྱི་སྦྱོང་སློབ་མ་ཚོས་སྨྱུག་མའི་སྒྱུ་རྩལ་གླིང་གི་འགྲེམས་ཁང་དུ་སྨྱུག་བཟོས་ཐོན་རྫས་མང་པོར་ལྟ་སྐོར་བྱེད་པ་དང་། གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་རྣམ་པ་གསར་པ་མྱོང་ཚོར་བྱེད་པ། ཀྲུང་གོའི་སྲོལ་རྒྱུན་གྱི་མངོན་མིན་རིག་གནས་ཤུལ་བཞག་མྱོང་རོལ་བྱེད་པ། གཞོན་ནུའི་ལས་གཏོད་དང་སྐྱེ་ཁམས་ཡུལ་སྐོར་བྱེད་སྟངས་སོགས་དབྱིངས་ཞུགས་རྣམ་པའི་ལག་ལེན་བྱེད་སྒོ་སྤེལ་རེས་འཚོལ་ཞིབ་བཅས་བྱས་ཏེ་རྒྱལ་ཁབ་ཁག་གི་སློབ་མས་ཀྲུང་གོའི་ལྗང་མདོག་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དང་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་གི་གྲུབ་འབྲས་གཏིང་ཟབ་ཚོར་བར་བྱེད་པ་དང་། ཀྲུང་གོས་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་མི་དམངས་ཡོངས་ཐུན་མོང་ཐོག་ཕྱུག་པོ་ཆགས་པར་བྱེད་པའི་འཐབ་ཇུས་ཀྱི་དོན་སྙིང་ཕྱོགས་ཡོངས་ནས་ཤེས་ཚོར་ཐུབ་པར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།