དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • 《མཐོ་སྒང་གི་གཅེས་ནོར》ཞེས་པ་ཟླ་7པར་ཡོངས་བསྒྲགས་འཁྲབ་སྟོན་བྱ་རྒྱུ་ཡིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-04-22

    བོད་ཀྱི་བྱིས་པའི་གསར་རྩོམ་རོལ་དབྱངས་འཁྲབ་ཚན་ཐོག་མ《མཐོ་སྒང་གི་གཅེས་ནོར》ཞེས་པ་ཟླ་7པར་ཡོངས་བསྒྲགས་འཁྲབ་སྟོན་བྱ་རྒྱུ་རེད།

    《མཐོ་སྒང་གི་གཅེས་ནོར》ནི་ས་མཐོར་འཚོ་གནས་བྱེད་པའི་སྲོག་ཆགས་བརྗོད་བྱ་གཙོ་བོར་བྱས་ཏེ། མ་བུ་མཚོའི་སྐྱེ་ཁམས་གནད་དོན་རྐྱེན་གྱིས་འཁྲུག་རྩོད་ཤོར་བ་དང་མཐར་ཕྱར་བ་གྲུ་འདེགས་ཀྱིས་སྐྱེ་ཁམས་ཁོར་ཡུག་ལེགས་སུ་གཏོང་བར་གཞོལ་བའི་སྐོར་བཀོད་ཡོད། འཁྲབ་ཚན་དེས་གཞན་དང་མི་འདྲ་བའི་སྲོག་ཆགས་ཀྱི་མཐོང་སྣང་ནས་རང་བྱུང་ཁོར་ཡུག་ལ་སྲུང་སྐྱོང་བྱེད་དགོས་པའི་དོན་སྙིང་གལ་ཆེན་ལ་གསལ་འགྲེལ་གཏིང་ཟབ་བྱས་ཡོད།

    བྱིས་པའི་རོལ་དབྱངས་འཁྲབ་ཚན་འདི་ནི་ཕྲུ་གུ་ཚོའི་ཆེད་དུ་དམིགས་བསལ་དོན་སྙིང་ལྡན་པའི་ཟློས་གར་ཞིག་འབྲི་དགོས་སྙམ་མཁན་འཁྲབ་འཁྲིད་པ་བདེ་སྐྱིད་གཡང་འཛོམས་ཀྱི་བསམ་འདུན་ལས་བྱུང་བ་ཞིག་རེད། ཁོང་གིས“སྐྱེས་མ་ཞིག་ཡིན་པའི་ངོས་ནས། ངས་རང་ཉིད་ཀྱི་ཕྲུ་གུ་དང་བོད་ཀྱི་ཕྲུ་གུ་ཚོའི་ཆེད་དུ་ལས་ཀ་ཕྲན་བུ་བྱས་ཏེ། སྒྱུ་རྩལ་གྱི་བློ་འབྱེད་ལ་བརྟེན་ནས་ཁོང་ཚོའི་འཚར་ལོངས་ཀྱི་བརྒྱུད་རིམ་དེ་བས་ཕུན་སུམ་ཚོགས་སུ་གཏོང་ཐུབ་ན་སྙམ་གྱི་འདུག”ཅེས་བརྗོད།

    ཀྲུང་དབྱང་རྩ་འཛུགས་པུའུ་ཡི་ཁག་བཅུ་པའི་བོད་སྐྱོར་ལས་བྱེད་པ་ཀྲུང་གོ་རྒྱལ་ཁབ་ཟློས་གར་ཁང་གིས་གནས་སྦྱར་སྦྱོང་བརྡར་ལ་བཏང་བའི་བོད་ལྗོངས་ཟློས་གར་ཚོགས་པའི་ཚོགས་གཙོ་གཞོན་པ་དང་འཁྲབ་ཚན་དེའི་སྒྲིག་བཟོ་བ་ཧན་ཝུན་ལེང་གིས་འཁྲབ་ཚན་དེས“བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས”བཅས་དོན་ཆེན་བཞིར་དམ་པོར་དམིགས་ཏེ། དུས་རབས་གསར་པའི་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་གི་འཕོ་འགྱུར་ཆེན་པོ་མངོན་པར་བྱས་ཡོད། ནོར་གནག་དང་། ཁྲུང་ཁྲུང་སྐེ་ནག རྐྱང་སོགས་སྲོགས་ཆགས་ཀྱི་མཐོང་སྣང་ནས་ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་གྱི་མི་སེམས་འགུལ་བའི་གཏམ་རྒྱུད་རབ་དང་རིམ་པ་བརྗོད་ཡོད་ཅེས་ངོ་སྤྲོད་བྱས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།