དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལག་རྩལ་སྣ་གཅིག་སྦྱངས་ནས་ཕྱུག་འགྱུར་གྱི་འཇོན་ཐང་འཕེལ་བར་བྱེད་པ།

    གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཀྱིས་ཞིང་འབྲོག་པའི་ལས་རིགས་རྩལ་ནུས་གསོ་སྦྱོང་ལ་སྐུལ་འདེད་ཏན་ཏིག་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-04-22

    ཟླ་2ཚེས་8ཉིན་ནས་ཟླ་4ཚེས་9ཉིན་བར། གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ལྷན་ཤང་གིས་གཞིས་རྩེ་གྲོང་ཁྱེར་གྱི་འབྲེལ་ཡོད་ལས་རིགས་རྩལ་ནུས་གསོ་སྦྱོང་སློབ་གྲྭ་དང་མཉམ་དུ་སྔོག་འཕྲུལ་རྩལ་ནུས་གསོ་སྦྱོང་སྒྲིག་འཛུགས་ཞིབ་ཚགས་བྱས་ཤིང་། ཕུན་རྒྱལ་ནི་ཐེངས་འདིའི་གསོ་སྦྱོང་ཁྲོད་ཕན་པ་ཐོབ་མཁན་གྱི་གྲས་ཤིག་རེད།

    དཔྱིད་ཀ་ཤར་ཚུན། བསམ་གྲུབ་རྩེ་ཆུས་ཀྱིས་ཞིང་འབྲོག་པའི་རྩལ་ནུས་གསོ་སྦྱོང་སྒྲིག་འཛུགས་ཧུར་ཐག་བྱས་ཏེ་ཞིང་འབྲོག་པས་ལག་རྩལ་སྣ་གཅིག་ཤེས་པར་རོགས་རམ་བྱས་ནས་ལས་ཞུགས་འབབ་འཕར་གྱི་ཐབས་ལམ་རྒྱ་ཆེར་བཏང་སྟེ་གྲོང་གསེབ་དར་རྒྱས་གཏོང་བར་རྩལ་ནུས་ཤེས་ལྡན་པ་གསོ་སྐྱོང་བྱས་ཡོད།

    སློབ་ཁྲིད་ཀྱི་སྤུས་ཚད་འགན་ལེན་བྱ་ཆེད། གསོ་སྦྱོང་བྱེད་རིང་། ཆེད་མངགས་སྔོག་འཕྲུལ་2དངོས་སྦྱོང་སློབ་ཁྲིད་དུ་སྤྱད་ནས་ཚང་མས་འཕྲུལ་ཆས་སྤྱོད་སྟངས་ཤེས་པར་བྱས་པ་མ་ཟད། བཀོལ་སྤྱོད་ལག་རྩལ་ཁོང་དུ་ཆུད་པར་བྱས་ཏེ་ལག་ཁྱེར་སྤྲད་ནས་ལས་གནས་སུ་སྐྱོད་ཐུབ་པ་བྱས་ཡོད། སློབ་མ་གཡུ་འབྲུག་བསྟན་པས“ང་ཚོས་ཉིན་ལྟར་རེས་མོས་བྱས་ནས་འཕྲུལ་ཆས་གཏོང་སྟངས་སྦྱོང་གི་ཡོད། གལ་ཏེ་གཏོང་སྟངས་ཡག་པོ་མ་ཤེས་ཚེ། རྒན་ལགས་ཀྱིས་མྱུར་དུ་ཡོ་བསྲང་བྱེད་ཀྱི་རེད། ད་ཆ་ངས་སྔོག་འཕྲུལ་གཏོང་ཤེས་ཀྱི་ཡོད”ཅེས་བཤད།

    ཕྱུག་པོ་གཞུང་ཤང་དུ་དུས་ཡུན་ཟླ་བ་གཅིག་གི་ཆུ་གློག་ཉམས་བཟོའི་རྩལ་ནུས་གསོ་སྦྱོང་གཉེར་བར་སློབ་མ་30ཞུགས་ཡོད། གསོ་སྦྱོང་བྱེད་རིང་། དགེ་རྒན་གྱིས“རིགས་པའི་གཞུང་ལུགས་དང་དངོས་སྦྱོང”ཟུང་འབྲེལ་བྱས་ནས་སློབ་ཚན་ཁྲིད་པར་བརྟེན་སློབ་མ་ཚོས་ཉམས་བཟོ་བྱེད་སྟངས་མགྱོགས་པོ་ཤེས་ཡོད། མིག་སྔར་སློབ་མ་30ཚང་མ་བདེ་བླག་ངང་དཔྱད་ཞིབ་ཀྱི་རྒྱུགས་འཕྲོད་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ་ཚུན། བསམ་གྲུབ་རྩེ་ཆུས་མི་སྤྱི་ཅུས་ཀྱིས་ཁྲོམ་རའི་དགོས་མཁོ་དང་། ཁུལ་ཁོངས་ཐོན་ལས་འཕེལ་རྒྱས་ཀྱི་དགོས་མཁོ། ངལ་རྩོལ་པའི་ལས་ཞུགས་ཀྱི་དགོས་མཁོ་བཅས་ལ་གཞིགས་ཏེ་འདི་ལོའི་ལས་རིགས་རྩལ་ནུས་གསོ་སྦྱོང་འཆར་གཞི་བཟོས་ནས་གསོ་སྦྱོང་གི་ལས་རིགས་དང་། གསོ་སྦྱོང་གི་དམིགས་ཚད། ཁ་གསབ་ཀྱི་ཚད་གཞི་སོགས་ཀྱི་ནང་དོན་ཁ་གསལ་བཟོས་པ་མ་ཟད། ཆུས་མི་སྤྱི་ཅུས་ཀྱི་སྐད་འཕྲིན་སྤྱི་རྟགས་དང་སྐད་འཕྲིན་གྱི་ལས་དོན་ཚོགས་པ་སོགས་ཀྱི་ཐབས་ལམ་བརྒྱུད་རྒྱ་ཁྱབ་ངང་དྲིལ་བསྒྲགས་བྱས་ནས་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བ་དང་ལས་རིགས་རྩལ་ནུས་གསོ་སྦྱོང་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་རྒྱུར་སྐུལ་འདེད་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།