དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་ལྗོངས་ཀྱིས《གྲོང་གསེབ་ཀྱི་རྟ་རྒྱུག་འགྲན་བསྡུར་བྱེད་སྒོར་ཤེས་དཔལ་ལག་ལེན་གྱི་ནང་དོན་ལྡན་པར་བྱེད་དགོས་པའི་སྐོར་གྱི་བརྡ་ཐོ》བཀྲམ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-04-21

    ཉེ་ཆར། རང་སྐྱོང་ལྗོངས་བསམ་པའི་དཔལ་ཡོན་སྲོལ་གཏོད་གཞུང་ལས་ཁང་གིས“ཁྲི་སྟོང་ལས་གཞིའི”ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་བྱས་ཏེ། 《རྒྱལ་ཡོངས་ཀྱི་རྟའི་ཐོན་ལས་འཕེལ་རྒྱས་འཆར་འགོད(2020ལོ་ནས་2025ལོ་བར)》དང་ཟུང་འབྲེལ་དང་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་། རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་། རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་། རང་སྐྱོང་ལྗོངས་ལུས་རྩལ་ཅུས་སོགས་ཚན་པ་དང་མཉམ་འབྲེལ་བྱས་ཏེ། 《གྲོང་གསེབ་ཀྱི་རྟ་རྒྱུག་འགྲན་བསྡུར་བྱེད་སྒོར་ཤེས་དཔལ་ལག་ལེན་གྱི་ནང་དོན་ལྡན་པར་བྱེད་དགོས་པའི་སྐོར་གྱི་བརྡ་ཐོ》(གཤམ་ལ《བརྡ་ཐོ》ཞེས་བསྡུ་རྒྱུ)བཀྲམ་ནས། རང་ལྗོངས་ཀྱི་གྲོང་གསེབ་ཀྱི་རྟ་རྒྱུག་འགྲན་བསྡུར་བྱེད་སྒོ་ཚད་ལྡན་དང་སྐྱོན་བྲལ་གྱི་སྒོ་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང་། གཞི་རིམ་གྱི་ཤེས་དཔལ་ལག་ལེན་གྱི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། ས་མཐོའི་མཛེས་མཐུན་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་ལ་གཞི་འཛིན་ས་མཁོ་འདོན་དང་མཛུབ་ཁྲིད་བྱས་པ་རེད།

    ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱི་ས་གནས་ཁག་གིས་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་དང་བདེ་ཐང་ཀྲུང་གོའི་བྱ་སྤྱོད་ནང་ཧུར་ཐག་ཞུགས་ཏེ། གྲོང་གསེབ་ཀྱི་རྟ་རྒྱུག་བྱེད་སྒོ་སྣ་ཚོགས་རྒྱ་ཁྱབ་ངང་སྤེལ་བས་མང་ཚོགས་ཞུགས་འདོད་ཆེ་བ་དང་། མི་སྣ་འདུ་འཛོམས་ཀྱི་ཕན་འབྲས་མངོན་གསལ་དོད་པ། འགྲན་བསྡུར་གཉེར་སྐྱོང་གྲ་འགྲིག་ལ་གོ་རིམ་ལྡན་པ། གྲོང་གསེབ་ཀྱི་འཛད་སྤྱོད་ལ་རྒྱུན་མཐུད་སྐུལ་ཁྲིད་ཐུབ་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གསོན་ཤུགས་ཟམ་མི་ཆད་པར་རྒྱས་པ་བཅས་ཀྱི་ཁྱད་ཆོས་མངོན་ནས། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་། དུས་རབས་ཀྱི་དབྱངས་རྟ་གཙོ་བོ་དར་སྤེལ་གཏོང་བ། ཏང་གི་སྐད་སྒྲ་བརྒྱུད་བསྒྲགས་བྱེད་པ། མང་ཚོགས་ཀྱི་བསམ་བློ་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ། གྲོང་གསེབ་ཀྱི་རིག་གནས་ཡུལ་སྐོར་འཕེལ་རྒྱས་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བ། མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་བ། སྤྱི་ཚོགས་ཀྱི་ཤེས་དཔལ་དར་སྲོལ་སྐྱེད་སྲིང་བྱེད་པ་སོགས་ཀྱི་ཐད་དམིགས་བསལ་གྱི་ནུས་པ་ཐོན་ཡོད།

    《བརྡ་ཐོ》ཡི་ནང་བླང་བྱ་བཏོན་དོན། ས་གནས་ཁག་གི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས(ཁང་དང་ས་ཚིགས)ཀྱིས་རང་འགུལ་ངང་དེའི་ཁྲོད་ཞུགས་ཏེ། གྲོང་གསེབ་ཀྱི་རྟ་རྒྱུག་འགྲན་བསྡུར་གྱི་བྱེད་སྒོ་ཤེས་དཔལ་ལག་ལེན་གྱི་བྱེད་སྒོའི་ཁོངས་སུ་བཅུག་སྟེ། གྲོང་གསེབ་ཀྱི་རྟ་རྒྱུག་འགྲན་བསྡུར་སོགས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་གྱི་རིག་གནས་ལུས་རྩལ་བྱེད་སྒོ་སྒྲིག་འཛུགས་ཡག་པོ་དང་ཕུན་སུམ་ཚོགས་པོ་ཡོང་བར་བྱས་ཐོག མང་ཚོགས་ཀྱི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། ཤེས་དཔལ་གྱི་དར་སྲོལ་སྐྱེད་སྲིང་བྱེད་པ། གྲོང་གསེབ་ཀྱི་འཛད་སྤྱོད་ལ་སྐུལ་ཁྲིད་བྱེད་པ་བཅས་ལ་ནུས་པ་གང་ལེགས་འདོན་དགོས། གྲོང་གསེབ་ཀྱི་རྟ་རྒྱུག་འགྲན་བསྡུར་བྱེད་སྒོའི་ཁྲོད་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་དང་། གྲོང་གསེབ་ཀྱི་རིག་གནས་ཡུལ་སྐོར་འོས་སྦྱོར་ངོ་སྤྲོད། ཁྱད་ལྡན་ཐོན་ཟོག་འགྲེམས་འཚོང་། གྲོང་གསེབ་ཀྱི་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན། རིག་རྩལ་དང་རིག་གནས་འགྲེམས་འཁྲབ། ཡུལ་སྲོལ་བསྒྱུར་རྒྱུ་དར་སྤེལ་གཏོང་བ། དང་བླངས་ཞབས་འདེགས་ཞུ་བ་སོགས་དང་མཉམ་འདྲེས་བྱས་ཏེ། རིག་གནས་རྒྱུན་འཛིན་དང་ཤེས་དཔལ་ལག་ལེན་ཁྲོད་མང་ཚོགས་ཀྱི་བསམ་པའི་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ་དང་བསམ་པའི་ཉམས་འགྱུར་ལེགས་སུ་གཏོང་དགོས།

    《བརྡ་ཐོ》ཡི་ནང་བཏོན་དོན། གྲོང་གསེབ་ཀྱི་རྟ་རྒྱུག་འགྲན་བསྡུར་བྱེད་སྒོ་ནི་བོད་ཀྱི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་བྱེད་སྒོའི་གྲུབ་ཆ་གལ་ཆེན་ཞིག་རེད་ལ། ཕ་ཡུལ་དྲིལ་བསྒྲགས་བྱེད་པ་དང་། རིག་གནས་ཡུལ་སྐོར་འོས་སྦྱོར་ངོ་སྤྲོད་བྱེད་པ། ཡུལ་དེའི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་གོ་སྐབས་བཟང་པོ་དང་། མཐུན་རྐྱེན་བཟང་པོ། ཐབས་ལམ་བཟང་པོ་བཅས་ཀྱང་རེད། ས་གནས་ཁག་གིས་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སོགས་ཀྱི་ལས་སྟེགས་གང་ལེགས་སྤྱད་དེ་དྲིལ་བསྒྲགས་ཁྱབ་གདལ་ལ་རྒྱུན་མཐུད་ཤུགས་སྣོན་རྒྱག་དགོས་པ་དང་། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་ཁག་གིས་སྤུས་ལེགས་ཀྱི་ཞབས་ཞུའི་རྣམ་གྲངས་ལ་ཁྲིད་སྟོན་དང་སྐྱེད་སྲིང་གང་ལེགས་བྱས་ནས། ཡུལ་དེའི་གྲོང་གསེབ་ཀྱི་རྟ་རྒྱུག་འགྲན་བསྡུར་བྱེད་སྒོ་དེ་ཤེས་དཔལ་ལག་ལེན་གྱི་སྤུས་རྟགས་བྱེད་སྒོ་ཞིག་ཏུ་སྐྱེད་སྲིང་བྱས་ནས། སྤུས་ལེགས་ཀྱི་རིག་གནས་ཞབས་ཞུར་བརྟེན་ནས་མང་ཚོགས་ཀྱི་སྣ་མང་གི་བསམ་པའི་རིག་གནས་ཀྱི་དགོས་མཁོ་སྐོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།