རང་སྐྱོང་ལྗོངས་དང་། ལྷ་ས་གྲོང་ཁྱེར། སྟག་རྩེ་ཆུས་བཅས་རིམ་གསུམ་རྩ་འཛུཌ་སྡེ་ཚན་གྱིས་མཉམ་དུ་འོས་འགན་ཤིང་འཛུགས་ཀྱི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ།
ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའུ་དང་། ལྷ་ས་གྲོང་ཨུད་རྩ་འཛུཌ་པུའུ། སྟག་རྩེ་ཆུས་ཨུད་རྩ་འཛུགས་པུའུ་བཅས་ཀྱིས་མཉམ་དུ་འོས་འགན་ཤིང་འཛུཌ་ཀྱི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་ཞིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་འཇམ་དཔལ། རྩ་འཛུགས་པུའི་ལས་བྱེད་པ་200ལྷག་ཙམ་མཉམ་དུ་ཞུགས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས་ལྷ་ས་སྔོ་ལྗང་ཅན་དུ་འགྱུར་བར་བྱས་པ་རེད།
ཤིང་འཛུགས་ཡུལ་ནས་ཚ་ཚ་འུར་འུར་གྱི་ངལ་རྩོལ་གྱི་རྣམ་པ་ཞིག་མངོན་ཞིང་། ལའེ་ཅའོ་དང་འཇམ་དཔལ་སོགས་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་ངལ་རྩོལ་ནང་ཞུགས་ནས་ཚང་མ་དང་མཉམ་དུ་སྡོང་ཕྲུག་རེ་རེ་བཞིན་བཙུགས་པ་རེད། ཆུ་ཚོད་གཉིས་ལྷག་ཙམ་དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད། སྒྲོན་ཤིང་དང་། གསོམ་ཤིང་། ཧའེ་ཐང་སོགས་སྡོང་ཕྲུག་400ལྷག་ཙམ་རི་ལྡེབས་སུ་བཙུགས་པ་དེ་དག་ལྷགས་ཕྱོགས་དང་བསྟུན་ནས་འགུལ་སྐབས་སྐྱེ་སྟོབས་ཀྱི་གསོན་ཤུགས་ཆེན་པོ་ཞིག་མངོན། ཤིང་འཛུགས་པའི་བར་གསེང་དུ་ལའེ་ཅའོ་དང་འཇམ་དཔལ་གྱིས་འབྲེལ་ཡོད་འགན་འཁུར་བ་དང་ཅི་འཕྲོས་མོལ་འཕྲོས་ཡང་ཡང་གནང་སྟེ། ཤིང་སྣ་དང་། ཤིང་འདེབས་སྟངས། དེ་བཞིན་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་འཕེལ་རིམ་བཅས་མཁྱེན་རྟོགས་ཞིབ་ཕྲ་གནང་བ་མ་ཟད། འབྲེལ་ཡོད་སྡེ་ཚན་ལ་ཡུལ་བབ་དང་བསྟུན་པ་དང་ཚན་རིག་དང་མཐུན་པའི་འདེབས་འཛུགས་མཐའ་འཁྱོངས་ཀྱིས་དོ་དམ་དང་གཡོག་བྱེད་ཀྱི་ལས་དོན་ཞིབ་ཚགས་སྤེལ་ཏེ། རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་གྱི་ཆུ་ཚད་མཐོ་རུ་ཏན་ཏིག་གཏོང་དགོས་པའི་མངགས་བྱའང་གནང་བ་རེད།