ཉིང་ཁྲི་གྲོང་ཁྱེར་གྱིས་2025ལོའི་རིག་རྩལ་རྐང་འཛིན་པའི(འཁྲབ་ཁྲིད)གསོ་སྦྱོང་འཛིན་གྲྭ་གཉེར་བ།
ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་གྱི་2025ལོའི་རིག་རྩལ་རྐང་འཛིན་པའི(འཁྲབ་ཁྲིད)གསོ་སྦྱོང་འཛིན་གྲྭ་འགོ་ཚུགས་པ་རེད། ད་ཐེངས་ཀྱི་གསོ་སྦྱོང་ནི་ཀོང་ཏུང་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་ཉིང་ཁྲི་གྲོང་ཨུད་དྲིལ་བསྒྲགས་པུས་གཙོ་གཉེར་བྱས་ཤིང་། ཀོང་ཏུང་ཞིང་ཆེན་ཞབས་བྲོ་མཁས་ཅན་མཐུན་ཚོགས་དང་། ཉིང་ཁྲི་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུས། ཉིང་ཁྲི་གྲོང་ཁྱེར་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་མཉམ་དུ་སྒྲུབ་འགན་ཁུར་བ་དང་། དེའི་དམིཌ་ཡུལ་ནི་ཉིང་ཁྲི་གྲོང་ཁྱེར་གྱི་རིག་རྩལ་རྐང་འཛིན་པའི་ལས་སྒོའི་ཆུ་ཚད་མཐོ་རུ་བཏང་ནས། རིག་གནས་སྒྱུ་རྩལ་བྱ་གཞག་དར་རྒྱས་གོང་འཕེལ་ཡོང་བར་སྔར་བས་སྐུལ་འདེད་གཏོང་ཆེད་ཡིན་པ་རེད།