དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • 《ནག་ཆུ་གྲོང་ཁྱེར་གྱི་ནག་ཆུའི་དབྱར་རྩྭ་དགུན་འབུ་སྲུང་སྐྱོང་དོ་དམ་སྲོལ་ཡིག》ཟླ་5ཚེས་1ཉིན་ནས་ལག་བསྟར་བྱ་རྒྱུ་ཡིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-04-21

    ཉེ་ཆར《ནག་ཆུ་གྲོང་ཁྱེར་གྱི་ནག་ཆུའི་དབྱར་རྩྭ་དགུན་འབུ་སྲུང་སྐྱོང་དོ་དམ་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》ཅེས་བསྡུ་རྒྱུ)དངོས་སུ་ཁྱབ་བསྒྲགས་བྱས་པ་རེད། 《སྲོལ་ཡིག》དེ་ནག་ཆུ་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་སྐབས་གཉིས་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཅུ་བདུན་པའི་ཐོག་གྲོས་འཆམ་བྱུང་བ་དང་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཅོ་ལྔ་པའི་ཐོག་ཆོག་མཆན་ཐོབ་པ་བརྒྱུད་2025ལོའི་ཟླ་5ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། 《སྲོལ་ཡིག》དེ་གཏན་འབེབས་བྱས་པ་ནི་རང་ལྗོངས་ཀྱིས་སྐྱེ་དངོས་རྐྱང་པའི་ཐོན་ཁུངས་སྲུང་སྐྱོང་དོ་དམ་བྱེད་པའི་ས་གནས་ཀྱི་ཁྲིམས་འཛུགས་ཐོག་མ་དེ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།