དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོར་ཡོད་པའི་ཕྱི་སྦྱོང་སློབ་མ་ཡུན་ནན་ཁུན་མིང་མེ་ཏོག་ཐོན་ལས་དེང་རབས་ཅན་གྱི་དཔེ་སྟོན་གླིང་དུ་བསྐྱོད་པ།

    “ཡུན་ནན་གྱི་མེ་ཏོག་སོས་པའི་ཐོན་ལས་ལ་དེ་བས་ གསོན་ཉམས་ལྡན་པའི་ངོས་འཛིན་བྱུང”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ། ཡང་ཝུན་མིང་།   |     སྤེལ་དུས།  2025-04-20

    ཀྲུང་གོར་ཡོད་པའི་ཕྱི་སྦྱོང་སློབ་མ་ཡུན་ནན་ཁུན་མིང་མེ་ཏོག་ཐོན་ལས་དེང་རབས་ཅན་གྱི་དཔེ་སྟོན་གླིང་དུ་བསྐྱོད་པ།

    ཉེ་ཆར། ཁུན་མིང་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་རྒྱལ་སྤྱིའི་སློབ་གླིང་གིས་ལོ་སི་དང་། ཁམ་ཕུ་ཁྲེ། ཧོ་ལན་སོགས་རྒྱལ་ཁབ་ནས་ཡོང་བའི་ཕྱི་སྦྱོང་སློབ་མ་10ལྷག་ཙམ་སྒྲིག་འཛུགས་བྱས་ཏེ། ཡུན་ནན་ཁུན་མིང་གྲོང་ཁྱེར་ཅིན་ཉིང་ཆུས་སུ་གནས་པའི་ཡུན་ཐེན་ཧྭ་མེ་ཏོག་ཚོང་ཁང་མེ་ཏོག་ཐོན་ལས་དེང་རབས་ཅན་གྱི་དཔེ་སྟོན་གླིང(གཤམ་དུ“དཔེ་སྟོན་གླིང”ཞེས་བསྡུ་རྒྱུ)དུ་བསྐྱོད་དེ“མེ་ཏོག་ཁྲོད་ཡུལ་སྐོར”བྱེད་འགོ་ཚུགས་པ་རེད།

    ཧོ་ལན་གྱི་ཕྱི་སྦྱོང་སློབ་མ་ཤའོ་ལང་གིས་ད་ཐེངས་ལྟ་སྐོར་ལ་ཡོང་བའི་གོ་སྐབས་དེར་གཅེས་སྤྲས་ལྡབ་བརྒྱ་བྱེད་ཅིང་། ཧོ་ལན་གྱི་མེ་ཏོག་ཐོན་ལས་དར་རྒྱས་ཆེ་བ་དང་ཤའོ་ལང་ཡང་ཧོ་ལན་གྱི་མེ་ཏོག་ལས་རིགས་སུ་ལས་ཀ་བྱེད་མྱོང་ཡོད། ཀྲུང་གོར་སློབ་སྦྱོང་བྱེད་པར་ཡོང་དོན་ནི་ཀྲུང་གོའི་མེ་ཏོག་ཐོན་ལས་འཕེལ་རྒྱས་མགྱོགས་པོ་ཕྱིན་པར་དངོས་སུ་ཤེས་རྟོགས་བྱེད་འདོད་ཡོད་པས་ཡིན། “ཀྲུང་གོ་ནི་འཛམ་གླིང་གི་མེ་ཏོག་ཐོན་ཁུལ་ཆེན་པོ་གསུམ་གྱི་གྲས་ཤིག་ཡིན་པ་མ་ཟད། མེ་ཏོག་གི་འཛད་སྤྱོད་ཁྲོམ་ར་གལ་ཆེན་ཞིག་ཀྱང་རེད། ཚན་རྩལ་མཐོ་བའི་མེ་ཏོག་དྲོད་ཁང་ཆེན་པོ་ནི་ཀྲུང་གོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བསྡུས་རིས་ཤིག་རེད” གོམ་སྟབས་རྗེས་མར། ཁོང་གིས་རྒྱ་ཡིག་འབད་བརྩོན་ཆེན་པོས་སྦྱོང་རྩིས་ཡོད། “དེ་ལྟར་བྱས་ན་གཞི་ནས་ཀྲུང་གོའི་མེ་ཏོག་ཁྲོམ་ར་དང་མེ་ཏོག་འདེབས་འཛུགས་ལག་རྩལ་ལ་རྒྱུས་མངའ་དེ་བས་གཏིང་ཟབ་ལོན་ཐུབ”

    རང་འགུལ་ཅན་གྱི་འཕྲུལ་ཆས་ཀྱི་མདུན་དུ་བསྡད་དེ། ཚང་མས་སྒུར་སྒུར་བྱས་ཏེ་ཐག་ཉེ་ས་ནས་ཞིབ་ཕྲ་བལྟས་ཤིང་། མུ་འབྲེལ་ལས་རིམ་གོ་རིམ་དང་བསྟུན་ནས་དལ་གྱིས་མདུན་ཕྱོགས་སུ་སྐྱོད་འགོ་ཚུགས། ལོ་སིའི་ཕྱི་སྦྱོང་སློབ་མ་ཏུའུ་ཉི་ཡིས་ལྷུ་ཚིགས་དེར་སྤྲོ་སྣང་ཆེན་པོ་བྱེད་པ་སྟེ། “ངའི་ཆེད་ལས་ནི་བཟོ་ཚོང་དོ་དམ་ཡིན་པ་དེ་ཟོག་འགྲེམས་དོ་དམ་དང་འབྲེལ་བ་ཡོད། ཐོན་ལས་གླིང་གིས་སྔོན་ཐོན་གྱི་ལག་རྩལ་ལ་བརྟེན་ནས་མེ་ཏོག་ལ་རིག་ནུས་རིམ་པ་དབྱེ་བ་དང་ཐུམ་སྒྲིལ་རྒྱག་པ་མཐོང་བྱུང་བས་ངའི་བློ་སྒོ་རྦད་དེ་ཕྱེ་སོང”ཞེས་བརྗོད།

    གླིང་ཁུལ་ནས་ཕྱིར་དོན་སྐབས་ཚང་མར་བག་ཆགས་ཟབ་མོ་བྱུང་ནས་བྲལ་འདོད་མེད་པ་ཞིག་སྣང་། “གླིང་ཁུལ་དུ་བསྐྱོད་དེ་ས་གནས་ས་ཐོག་ཏུ་ལྟ་སྐོར་བྱས་པ་བརྒྱུད། ང་ཚོས་ཡུན་ནན་གྱི་མེ་ཏོག་སོས་པའི་ཐོན་ལས་ལ་དེ་བས་གསོན་ཉམས་ལྡན་པའི་ངོས་འཛིན་བྱུང་། ང་ཚོར་ཀྲུང་གོའི་ཞིང་ལས་འཕེལ་རྒྱས་ཀྱི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་ཤེས་རྟོགས་ཡོང་བར་གོ་སྐབས་རྩ་ཆེན་མཁོ་འདོན་བྱས་བྱུང་། འབྱུང་འགྱུར་ལོ་ཀྲུང་རྒྱལ་ཁབ་གཉིས་ཀྱིས་མེ་ཏོག་འདེབས་འཛུགས་དང་། སོས་ཉར། ཐུམ་སྒྲིལ་སོགས་ཀྱི་ཐད་སྤེལ་རེས་མཉམ་ལས་དེ་བས་མང་བ་བྱ་རྒྱུའི་རེ་བ་ཡོད”ཅེས་ཏུའུ་ཉི་ཡིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།