དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སྡེ་ཚན་དགུ་ཡིས་ཇུས་གཞི་བཀྲམ་ནས་ཞབས་ཞུའི་འཛད་སྤྱོད་སྤུས་ལེགས་དང་དམངས་ཕན་ཡོང་བར་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-04-20

    ཉེ་ཆར། ཚོང་དོན་པུའུ་སོགས་སྡེ་ཚན་9ཡིས་མཉམ་དུ《ཞབས་ཞུའི་འཛད་སྤྱོད་སྤུས་ལེགས་དང་དམངས་ཕན་ཡོང་བའི་བྱ་སྤྱོད་ཀྱི་2025ལོའི་ལས་དོན་ཇུས་གཞི》བཀྲམ་ནས། ཞབས་ཞུའི་མཁོ་སྤྲོད་རྒྱ་ཆེར་གཏོང་བ་དང་། སྣ་མང་ཅན་གྱི་འཛད་སྤྱོད་རྣམ་པ་གསར་གཏོད་བྱེད་པ། ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ། འཛད་སྤྱོད་ཀྱི་ཉམས་ལེན་ལེགས་སུ་གཏོང་བ་བཅས་ལ་སྐུལ་འདེད་བཏང་སྟེ། ཞབས་ཞུ་འཛད་སྤྱོད་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་འདོན་སྤེལ་བྱས་ནས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་བྱེད་རྒྱུ་རེད།

    ལས་དོན་ཇུས་གཞི་དེར་སྲིད་ཇུས་ཀྱི་རྒྱབ་སྐྱོར་ལ་ཤུགས་སྣོན་རྒྱག་པ་དང་། སྐུལ་སྤེལ་བྱེད་སྒོ་སྤེལ་བ། ལས་སྟེགས་ཀྱི་གཞི་རྟེན་འཛུགས་པ། ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེར་གཏོང་བ། ཚད་གཞིའི་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ། འཛད་སྤྱོད་ཁོར་ཡུག་ལེགས་སུ་གཏོང་བ་བཅས་ཕྱོགས་དྲུག་ལ་དམིགས་ནས་ལས་འགན་དང་བྱེད་ཐབས་ཞིབ་ཕྲ་ཁག་48བཏོན་ཡོད། དེའི་ནང་བཟའ་བཏུང་དང་། ཞག་སྡོད། བདེ་ཐང་། རིག་གནས་རོལ་རྩེད། ཡུལ་སྐོར་སྤྲོ་གསེང་། ལུས་རྩལ་འགྲན་བསྡུར་སོགས་ལས་རིགས་གཙོ་བོའི་ཁྱབ་ཁོངས་ཡོད་པ་མ་ཟད། ཡུལ་སྐོར་མེ་འཁོར་དང་། མཁའ་ཐོག་ལྟ་སྐོར། གདུགས་མཆོང་འཕུར་སྐྱོད། རབ་གསལ་བརྙན་འཕྲིན། འཁྲབ་ཚན་ཐུང་ངུ་སོགས་ལས་རྣམ་གསར་པ་དང་ཡུལ་རྣམ་གསར་པའང་ཚུད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།