དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གཞིས་རྩེ་གྲོང་ཁྱེར་གྱིས་གེགས་རྗེས་བསྐྱར་སྐྲུན་གྱི་ཁོར་ཡུག་གདེང་འཇོག་དང་ཞིབ་མཆན་འགོད་པའི་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་བ།

  •     སྤེལ་དུས།  2025-04-20

    མིག་སྔར་གཞིས་རྩེ་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱིས“སྔ་ཙམ་འཆར་འགོད་དང་། སྔ་ཙམ་བཀོད་སྒྲིག སྔ་ཙམ་འགོ་འཛུགས་པ། སྔ་ཙམ་སླར་གསོ”བཅས་ཀྱི་རྩ་དོན་གཞིར་བཟུང་། དིང་རིའི་ས་ཡོམ་རིམ་པ་6.8ཀྱི་གེགས་རྗེས་བསྐྱར་སྐྲུན་དང་གཙོ་གནད་རྣམ་གྲངས་ཀྱི་ཁོར་ཡུག་གདེང་འཇོག་དང་ཞིབ་མཆན་འགོད་པའི་འབྲེལ་ཡོད་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་བ་རེད།

    གཞིས་རྩེ་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱིས་ཐུང་ཅི་འཆར་འགོད་ཁང་དང་བོད་ལྗོངས་ཨར་སྐྲུན་རྩད་ཞིབ་ཇུས་འགོད་ཁང་སོགས་གེགས་རྗེས་བསྐྱར་སྐྲུན་དང་འབྲེལ་བ་ཡོད་པའི་ཇུས་འགོད་ཚན་པ་ལྔ་དང་འབྲེལ་གཏུག་ཧུར་ཐག་བྱས་ཏེ། གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་གི་ས་ཡོམ་རིམ་པ་6.8ཀྱི་གེགས་རྗེས་བསྐྱར་སྐྲུན་གྱི་ཁོར་ཡུག་གདེང་འཇོག་གི་ལས་དོན་འགན་ལེན་གྱི་ཐུག་འཕྲད་ཚོགས་འདུ་དུས་ཐོག་ཏུ་འཚོགས་ནས། ཇུས་འགོད་ཚན་པར་ཁོར་ཡུག་གདེང་འཇོག་གི་ཆེད་ལས་མཛུབ་ཁྲིད་བྱས་ཏེ་གེགས་རྗེས་བསྐྱར་སྐྲུན་རྣམ་གྲངས་ཀྱི་ཁོར་ཡུག་གདེང་འཇོག་ལས་དོན་བདེ་བླག་ངང་སྤེལ་བར་ཕྱོགས་ཡོངས་ནས་འགན་ལེན་བྱས་པ་རེད། གཞིས་རྩེ་གྲོང་ཁྱེར་སྡོད་ཁང་འཛུགས་སྐྲུན་ཅུས་དང་གེགས་རྗེས་བསྐྱར་སྐྲུན་གྱི་ཇུས་འགོད་ཚན་པ་ཁག་དང་འབྲེལ་གཏུག་ཧུར་ཐག་བྱས་ཏེ། གེགས་རྗེས་བསྐྱར་སྐྲུན་བྱ་ཡུལ་ཁག་གི་ཆ་འཕྲིན་འཕྲལ་མར་ཁོང་དུ་ཆུད་པ་དང་འབྲེལ་ཡོད་ལས་སྒོའི་སྡེ་ཚན་ཁག་དང་མཐུན་སྦྱོར་བྱས་ནས། གཏན་འཁེལ་ཟིན་པའི་བསྐྱར་སྐྲུན་བྱ་ཡུལ་ཁག་རང་བྱུང་སྲུང་སྐྱོང་ཁུལ་དང་འཐུང་ཆུའི་ཆུ་མགོ་སྲུང་སྐྱོང་ཁུལ་དང་འབྲེལ་བ་ཡོད་མེད་དང“ཚད་གསུམ་དང་ཐོ་གཅིག”གི་སྐྱེ་ཁམས་ཁོར་ཡུག་ཁུལ་དབྱེ་དོ་དམ་ཚོད་འཛིན་དང་མཐུན་པའི་རང་བཞིན་ལ་ཞིབ་དཔྱད་དབྱེ་ཞིབ་བྱས་ཡོད། དེའི་རིང་རྫོང་4དང་གྲོང་ཚོ་38ཀྱི་བསྐྱར་སྐྲུན་བྱ་ཡུལ་2716ལ་ཞིབ་བསྡུར་བྱས་པ་རེད།

    གཞིས་རྩེ་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱིས་ད་དུང་གཙོ་གནད་ཐོག་དིང་རི་རྫོང་གི་གེགས་རྗེས་བསྐྱར་སྐྲུན་རྣམ་གྲངས་ཀྱི་ཁོར་ཡུག་གདེང་འཇོག་ངོས་འཛིན་གཏན་འཁེལ་ལས་དོན་ལ་མཛུབ་ཁྲིད་བྱས་པ་རེད། རྣམ་གྲངས་འཛུགས་སྐྲུན་གྱི་ནང་དོན་དང་ཞིབ་བསྡུར་བྱས་ནས་རེ་རེ་བཞིན་གསེད་བཀྲོལ་བྱས་ཏེ་ཁོར་ཡུག་གདེང་འཇོག་གི་འགྲོ་ལུགས་གཉེར་དགོས་པའི་རྣམ་གྲངས་ཁ་གསལ་བཟོས་པ་མ་ཟད། བྱེ་རའི་ས་ཆ་འདེམས་པ་དང་། གཞུང་ལས་ཁང་འཛུགས་སྐྲུན། འགྲོ་ལམ་འཛུགས་སྐྲུན་སོགས་ཀྱི་ཐད་སྣང་ཆེན་བྱས་ནས་འཛུགས་སྐྲུན་ཚན་པར་དུས་ཐོག་ཏུ་དུས་འགོའི་འགྲོ་ལུགས་གཉེར་དགོས་པའི་དྲན་སྐུལ་བྱ་རྒྱུའི་གྲོས་འགོ་བཏོན་ཡོད། དེ་དང་ཆབས་ཅིག གཞིས་རྩེ་གྲོང་ཁྱེར་རང་བྱུང་ཐོན་ཁུངས་ཅུས་དང་། ཆུ་བེད་ཅུས། ནགས་ལས་དང་རྩྭ་ཐང་ཅུས་བཅས་དང་མཉམ་འབྲེལ་ཐོག་དིང་རི་རྫོང་དང་། ལྷ་རྩེ་རྫོང་། ས་དགའ་རྫོང་། ངམ་རིང་རྫོང་། གཏིང་སྐྱེས་རྫོང་བཅས་ཀྱི་གེགས་རྗེས་བསྐྱར་སྐྲུན་རྣམ་གྲངས་ཀྱི་བྱེ་ར་དང་ལས་སྣོན་ས་ཚིགས་ཀྱི་ས་ཆ་འདེམས་པར་ས་གནས་ས་ཐོག་ཏུ་ཞིབ་དཔྱད་བྱས་པ་དང་བསྐྱར་སྐྲུན་བྱ་ཡུལ་ཁག་གི་ཁོར་ཡུག་གདེང་འཇོག་རིམ་པ་དང་ཞིབ་བཤེར་ཆོག་མཆན་འགོད་པའི་གོ་རིམ་ལ་ས་གནས་ས་ཐོག་ཏུ་ལན་བརྒྱབ་པ་མ་ཟད། དིང་རི་རྫོང་གི་བྱེ་རའི་ས་ཚིགས་2དང་གཏིང་སྐྱེས་རྫོང་གི་བྱེ་རའི་ས་ཚིགས་1གི་རྒྱལ་ལམ་དང་ཞིང་ཆེན་ལམ་གྱི་མཐོང་རྒྱའི་ཁྱབ་ཁོངས་དང་འབྲེལ་བ་ཡོད་པའི་གནས་ཚུལ་ལ་ས་གནས་ས་ཐོག་ཏུ་གསལ་བཤད་བྱས་ཏེ། ཁོར་ཡུག་གདེང་འཇོག་གི་འགྲོ་ལུགས་གཉེར་བར་གནས་པའི་དཀའ་གནད་དང་གནད་དོན་ཁ་གསལ་བཟོས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།