ཉིང་ཁྲི་གྲོང་ཁྱེར་གྱིས་རྒྱལ་སྒྲོལ་གཏོང་ཡོང་གཞི་ཁྱོན་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་པ།
གསར་འགོད་པས་རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུས་ཉིང་ཁྲི་གྲོང་ཁྱེར་ཡན་ལག་ཅུས་ནས་ཤེས་རྟོགས་བྱས་པར། འདི་ལོའི་དུས་ཚིགས་དང་པོར་ཉིང་ཁྲི་གྲོང་ཁྱེར་གྱི་རྒྱལ་སྒྲོལ་གཏོང་ཡོང་དངུལ་འབོར་ཨ་སྒོར་ཁྲི་887.26ཟིན་ནས་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་ཡོད། དེའི་ནང་ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ཡོང་འབབ་དུས་མཚུངས་ལས་ལྡབ་8ཙམ་འཕར་བ་དང་ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་གཏོང་སྒོ་དུས་མཚུངས་ལས་ལྡབ་100ལྷག་ཙམ་འཕར་ཡོད་པ་རེད། ད་ཐེངས་རྒྱལ་སྒྲོལ་གཏོང་ཡོང་ཚད་བརྒལ་རང་བཞིན་གྱི་འཕར་སྣོན་བྱུང་བ་དེ་ཐོག་ནས་ཉིང་ཁྲི་གྲོང་ཁྱེར་གྱི་ཕྱི་ཕྱོགས་སྒོ་དབྱེའི་ཆུ་ཚད་སྐས་རིམ་གསར་པར་སླེབས་པ་མཚོན་ཡོད།
དོ་ཁུར་བྱེད་རིན་ཡོད་པ་ཞིག་ནི། ཁོངས་གཏོགས་ཁུལ་གྱི་བོད་སྨན་ཁེ་ལས་ཤིག་གིས་རྒྱལ་སྒྲོལ་མི་དམངས་ཤོག་སྒོར་ཐད་གཏོང་ལས་སྒོ་ཐོག་མ་བདེ་བླག་ངང་གཉེར་བ་དེ་ཨ་སྒོར་ལ་ཕབ་ན་སྒོར་ཁྲི་836.38ཟིན་ནས་རྒྱལ་སྒྲོལ་གཏོང་ཡོང་འཕར་སྣོན་གྱི་སྒུལ་ཤུགས་གཙོ་བོར་གྱུར་ཡོད། དངུལ་ཁང་གི་ཕྱི་དངུལ་རྩིས་རྒྱག་དང་ཕྱི་དངུལ་ཚོང་སྒྱུར་ལས་སྒོའི་དངུལ་འབོར་དུས་མཚུངས་ལས་61.19%འཕར་བ་དང་ཁྲོམ་རའི་མཁོ་སྤྲོད་གཞི་རྩའི་ཆ་ནས་དོ་སྙོམས་བྱུང་ཡོད།