དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཝེ་ཐེ་ནམ་དང་། མ་ལེ་ཞི་ཡ། ཁམ་ཕུ་ཁྲེ་བཅས་ལ་རྒྱལ་དོན་འཚམས་འདྲི་གནང་མཇུག་འགྲིལ་རྗེས།

    ཞི་ཅིན་ཕིང་པེ་ཅིང་དུ་ཕྱིར་ལོག་གནང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-04-20

    ཟླ་4ཚེས་18ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཝེ་ཐེ་ནམ་དང་། མ་ལེ་ཞི་ཡ། ཁམ་ཕུ་ཁྲེ་བཅས་ལ་རྒྱལ་དོན་འཚམས་འདྲི་ཕུན་སུམ་ཚོགས་པོའི་ངང་གནང་མཇུག་འགྲིལ་རྗེས་པེ་ཅིང་དུ་ཕྱིར་ལོག་གནང་བ་རེད།

    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་ཀྲུང་དབྱང་གཞུང་དོན་ཐིང་གི་ཀྲུའུ་རེན་ཚའེ་ཆི་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཕྱི་འབྲེལ་པུའི་པུའུ་ཀྲང་ཝང་དབྱི། ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་དང་སྤྱི་བདེ་པུའི་པུའུ་ཀྲང་ཝང་ཞའོ་ཧུང་སོགས་ཕེབས་རོགས་མི་སྣ་ཞི་ཅིན་ཕིང་དང་ལྷན་དུ་གནམ་གྲུ་གཅིག་ལ་བཞུགས་ནས་ཕྱིར་ལོག་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།