དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 《གོ་བདེ་དོན་ཟབ་ཀྱི་གསུང་། ཞི་ཅིན་ཕིང་གིས་མཉེས་པོ་གནང་བའི་གཏམ་རྒྱུད》(ཁམ་ཕུ་ཁྲེའི་སྐད་ཡིག་དཔར་མ)ཁམ་ཕུ་ཁྲེའི་སྨྱན་སྦྱོར་ཐོག་གཏོང་སྤེལ་བྱེད་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-04-19

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཕ་ནོམ་ཕེན་ནས་ཟླ་4ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་17ཉིན། 《གོ་བདེ་དོན་ཟབ་ཀྱི་གསུང་། ཞི་ཅིན་ཕིང་གིས་མཉེས་པོ་གནང་བའི་གཏམ་རྒྱུད》(ཁམ་ཕུ་ཁྲེའི་སྐད་ཡིག་དཔར་མ)ཁམ་ཕུ་ཁྲེར་གཏོང་སྤེལ་བྱེད་འགོ་ཚུགས་པ་རེད། ཁམ་ཕུ་ཁྲེ་མི་དམངས་ཏང་གི་ཀྲུའུ་ཞི་དང་གྲོས་ཁང་གོང་མའི་ཀྲུའུ་ཞི་ཧུང་སེན་གྱིས་རྟེན་འབྲེལ་གློག་འཕྲིན་སྤྲིངས་ནས་ལེ་ཚན་དེ་ཁམ་ཕུ་ཁྲེར་གཏོང་སྤེལ་བྱས་པར་རྟེན་འབྲེལ་ཞུས་པ་རེད། ལེ་ཚན་དེ་ཚེས་17ཉིན་ནས་བཟུང་ཁམ་ཕུ་ཁྲེ་རྒྱལ་ཁབ་བརྙན་འཕྲིན་ལས་ཁུངས་སོགས་སྨྱན་སྦྱོར་ཐོག་གཏོང་སྤེལ་བྱེད་འགོ་ཚུགས་པ་རེད།

    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་ལེ་ཚན་རྩེ་གྲ《གོ་བདེ་དོན་ཟབ་ཀྱི་གསུང་། ཞི་ཅིན་ཕིང་གིས་མཉེས་པོ་གནང་བའི་གཏམ་རྒྱུད》(ཁམ་ཕུ་ཁྲེའི་སྐད་ཡིག་དཔར་མའི)ནང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་། གསུང་རྩོམ་དང་གཏམ་བཤད་ཁྲོད་དུ་དྲངས་པའི་ཀྲུང་གོའི་གནའ་དཔེ་དང་གསུང་རབ་ཀྱི་ཚིག་གྲུབ་གྲགས་ཅན་བདམས་གསེས་ཞིབ་ཚགས་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་། རིག་གནས་རྒྱུན་འཛིན། ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པ། དེང་རབས་ཅན་འཛུགས་སྐྲུན་སོགས་ཀྱི་བརྗོད་དོན་གཙོ་བོར་དམིགས་ནས། རྒྱལ་སྤྱི་ཅན་གྱི་མཐོང་ཚོར་དང་གསོན་ཉམས་དོད་ཅིང་དོན་དངོས་ཀྱི་གཟུགས་བརྙན་ལ་བརྟེན་ཏེ། ཁམ་ཕུ་ཁྲེའི་ལྟད་མོ་བར་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་སྙིང་བཅུད་མངོན་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གི་རྒྱལ་སྐྱོང་སྲིད་འཛིན་དགོངས་པའི་ལོ་རྒྱུས་རིག་གནས་ཀྱི་རྨང་གཞི་ཟབ་མོ་འཆད་འགྲེལ་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།