དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • “ལྟ་ཉན་ཀྲུང་གོ·ཁམ་ཕུ་ཁྲེར་བསྐྱོད་པའི”རིམ་སྤེལ་བྱེད་སྒོ་ཕ་ནོམ་ཕེན་དུ་སྤེལ་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-04-19

    ཁམ་ཕུ་ཁྲེའི་རྒྱལ་ཁབ་བརྙན་འཕྲིན་ལས་ཁུངས་དང་། ཡུན་ནན་ཞིང་ཆེན་རླུང་འཕྲིན་བརྙན་འཕྲིན་ཅུས། ཡུན་ནན་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས། ཁམ་ཕུ་ཁྲེའི་གྲངས་འཛིན་བརྙན་འཕྲིན་ཚད་ཡོད་ཀུང་སི་བཅས་ཀྱིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པའི“ལྟ་ཉན་ཀྲུང་གོ·ཁམ་ཕུ་ཁྲེར་བསྐྱོད་པའི”རིམ་སྤེལ་བྱེད་སྒོ་སྤེལ་འགོ་ཚུགས་པའི་མཛད་སྒོ་ཉེ་ཆར་ཁམ་ཕུ་ཁྲེའི་རྒྱལ་ས་ཕ་ནོམ་ཕེན་དུ་འཚོགས་པ་རེད། ཀྲུང་ཁམ་རྒྱལ་ཁབ་གཉིས་ཀྱི་གསར་འགྱུར་སྨྱན་སྦྱོར་དང་གློག་བརྙན་བརྙན་འཕྲིན་རིག་གནས་ལས་རིགས་ཀྱི་འཐུས་མི་བརྒྱ་ལྷག་ཙམ་ཞུགས་པ་རེད།

    “ལྟ་ཉན་ཀྲུང་གོ·ཁམ་ཕུ་ཁྲེར་བསྐྱོད་པའི”རིམ་སྤེལ་བྱེད་སྒོ་དེ་ཀྲུང་གོ་རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས་དང་ཁམ་ཕུ་ཁྲེའི་གསར་འགྱུར་པུའི་འབྲེལ་ཡོད་སྡེ་ཚན་གྱིས་མཛུབ་ཁྲིད་བྱས་པ་ཞིག་ཡིན་པ་དང་། དེའི་དམིགས་ཡུལ་ནི་ཀྲུང་ཁམ་རྒྱལ་ཁབ་གཉིས་ཀྱིས་རླུང་འཕྲིན་བརྙན་འཕྲིན་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།