དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཕྱི་ཕྱོགས་ཀྱི་རྡབ་རྡེག་ལ་ཁ་གཏད་བཅག་ནས་ཕྱི་ཕྱོགས་ཚོང་དོན་བརྟན་པོ་དང་འཛད་སྤྱོད་རྒྱ་ཆེར་བཏང་བ།

    ཐབས་མང་མཉམ་དུ་སྤྱད་ནས་རྒྱལ་ནང་དང་ཕྱི་ཕྱོགས་ཚོང་དོན་གཞི་གཅིག་ཅན་ལ་སྐུལ་འདེད་གཏོང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ལུའོ་ཧྲན་ཧྲན།   |     སྤེལ་དུས།  2025-04-18

    ཉིན་ཤས་གོང་། ཚོང་དོན་པུས་ཧའེ་ནན་དུ“ཕྱི་ཕྱོགས་ཚོང་དོན་གྱི་སྤུས་ལེགས་ཐོན་རྫས་ཀྲུང་གོར་འགྲེམས་སྟོན”གྱི་འགོ་ཚུགས་མཛད་སྒོ་འཚོགས་ཤིང་། ཕྱི་ཕྱོགས་ཚོང་དོན་དང་འཛད་སྤྱོད་ཞིང་ཆེན་ཆེན་པོ་10དང་གཙོ་གནད་ལས་རིགས་ལ་དམིགས་ནས། ཆེད་དོན་འབྲེལ་མཐུད་རབ་དང་རིམ་པ་དང་། ཕྱི་ཕྱོགས་ཚོང་དོན་ཁེ་ལས་ཀྱི་ནང་ཁུལ་ཚོང་ལམ་ཤར་གཏོང་། ཕྱི་ཕྱོགས་ཀྱི་རྡབ་རྡེག་ལ་ཁ་གཏད་གཅོག་པ་བཅས་བྱས་ཏེ་ཕྱི་ཕྱོགས་ཚོང་དོན་བརྟན་པོ་དང་འཛད་སྤྱོད་རྒྱ་ཆེར་གཏོང་བར་རམ་འདེགས་བྱེད་རྒྱུ་རེད།

    ཉེ་ཆར། ཨ་རི་སྲིད་གཞུང་གིས་སྒོ་ཁྲལ་རང་དགར་བསྡུས་པས་ཀྲུང་གོ་དང་ཨ་རི་ཚུད་པའི་གོ་ལ་ཧྲིལ་པོའི་ཚོང་དོན་ལ་ཤུགས་རྐྱེན་ངན་པ་བཟོས་ཡོད།

    ཉིན་ཤས་རིང་། ལས་རིགས་མཐུན་ཚོགས་དང་། དྲ་ཐོག་ཚོང་དོན་ལས་སྟེགས། རྒྱ་ཟོག་ཚོང་ར་དང་སྒོ་རྩིས་ཚོང་ཁང་བཅས་ཀྱིས་ཕྱོགས་མང་ཤུགས་འདོན་དང་ཐབས་མང་མཉམ་སྤྱོད་ཀྱིས་ཕྱི་ཕྱོགས་ཚོང་དོན་ཁེ་ལས་ཀྱི་ཚོང་དོན་ཐབས་ལམ་རྒྱ་སྐྱེད་དང་རྒྱལ་ནང་གི་ཁྲོམ་ར་གསར་འབྱེད་བྱས་ཡོད།

    ཟླ་4ཚེས་10ཉིན། ཝུའུ་ཧན་ཚོང་ལས་ཚོགས་པས་ཀྲུང་གོའི་རྒྱ་ཟོག་ཚོང་ལས་མཐུན་ཚོགས་དང་མཉམ་དུ《སྒོ་ཁྲལ་སྲིད་ཇུས་ཀྱི་འགྲན་སློང་ལ་ཁ་གཏད་གཅོག་རྒྱུའི་སྐོར་གྱི་གྲོས་འགོའི་ཡི་གེ》ཁྱབ་བསྒྲགས་བྱས་ནས། ཕྱིར་ཚོང་ཐབས་ལམ་རྒྱ་སྐྱེད་དང་། གྲངས་འཛིན་རྒྱབ་སྐྱོར་བྱེད་པ། མཁོ་སྤྲོད་འཁོར་འབྲེལ་དོ་དམ་ལེགས་སུ་གཏོང་བ་སོགས་ཀྱི་བྱེད་ཐབས་སྤྱད་དེ་ཕྱི་ཕྱོགས་ཚོང་ཟོག་འཁོར་རྒྱུག་བྱེད་མགྱོགས་སུ་བཏང་ཡོད།

    “གྲོས་འགོ་བཏོན་རྗེས་ཁེ་ལས་བཅུ་ཕྲག་ཁ་ཤས་ཀྱི་འབྲེལ་གཏུག་ཆ་འཕྲིན་འབྱོར་ཡོད། ང་ཚོས་ཆེད་དོན་ཚོགས་ཆུང་བཙུགས་ནས་ཁེ་ལས་ཀྱི་དགོས་མཁོ་དང་ཆ་འཕྲིན་བསྡུ་རུབ་ལེགས་སྒྲིག་བྱས་ཏེ། ཆེད་བསྐོས་མི་སྣ་སྒྲིག་འཛུགས་ཀྱིས་འབྲེལ་གཏུག་བྱེད་ཀྱི་ཡོད”ཅེས་ཝུའུ་ཧན་ཚོང་ལས་ཚོགས་པའི་སྤྱི་ཁྱབ་ཅིང་ལི་གཞོན་པ་དང་ཝུའུ་ཧན་ཚོང་ལས་དུས་རབས་ཀྱི་སྤྱི་ཁྱབ་ཅིང་ལི་ཝང་ཀྲི་མིང་གིས་བཤད་པ་དང་། ཁོང་གིས། ཚོགས་པའི་ཚོང་ཁང་གིས“ཕྱིར་གཏོང་ཚོང་ཟོག་ནང་ཁུལ་དུ་ཚོང་བའི་ཆེད་ཁུལ”བཏོད་དེ་སྤུས་ལེགས་ཕྱི་ཕྱོགས་ཚོང་དོན་ཁེ་ལས་ལ་ནང་ཁུལ་ཚོང་ལམ་ཤར་བགྲོད་ལམ་མཁོ་འདོན་བྱས་ཡོད།

    ཟླ་4ཚེས་11ཉིན། ཅིན་ཏུང་གིས་ཆེད་དོན་ཉོ་སྒྲུབ་མ་དངུལ་སྒོར་དུང་ཕྱུར་2000བཀོད་སྒྲིག་བྱས་ནས་ཕྱིར་གཏོང་དེ་ནང་ཁུལ་ཚོང་ལམ་དུ་སྒྱུར་བའི་རོགས་སྐྱོར་འཆར་གཞི་ལག་ལེན་བསྟར་འགོ་འཛུགས་རྒྱུའི་ཁྱབ་བསྒྲགས་བྱས་ཤིང་། སླད་ཕྱིན་ལོ་གཅིག་ནང་། ཅིན་ཏུང་གིས་སྒོར་དུང་ཕྱུར་2000ལས་མི་ཉུང་བའི་ཕྱིར་གཏོང་དེ་ནང་ཁུལ་ཚོང་ལམ་དུ་སྒྱུར་བའི་ཚོང་ཟོག་གཞི་ཁྱོན་ཆེན་པོས་ཉོ་སྒྲུབ་བྱས་ཏེ། ཕྱི་ཕྱོགས་ཚོང་དོན་ཁེ་ལས་ལ་རྒྱལ་ནང་གི་ཁྲོམ་ར་མགྱོཌ་མྱུར་གསར་འབྱེད་བྱེད་པར་རོགས་རམ་བྱེད་རྒྱུ་རེད།

    ཟླ་4ཚེས་15ཉིན་བར། ཁེ་ལས་དང་ཚོང་པ་3000ལྷག་ཙམ་གྱིས་ཅིན་ཏུང་དང་འབྲེལ་གཏུག་བྱས་ནས་མཉམ་ལས་དང་རོགས་རམ་ཐོབ་ཐབས་བྱས་པས་གྲངས་འབོར་སྔར་བཞིན་མགྱོགས་མྱུར་འཕར་བཞིན་ཡོད་པ་རེད།

    མིག་སྔར། ཅིན་ཏུང་གིས་ཉོ་སྒྲུབ་ཚོགས་པ་སྒྲིག་འཛུགས་བྱེད་པར་དམ་འཛིན་བྱས་ནས། ཐོན་ལས་བཅའ་སྡོད་ཁུལ་དུ་གཞུང་དོན་སྒྲུབ་རོགས་བྱེད་འགོ་ཚུགས་ཏེ། ཚོང་ཁང་འཛུགས་རྩིས་ཡོད་པའི་ཚོང་པར་ཆེད་ལས་ཚོགས་པས་ཟུར་ཁྲིད་བྱེད་པ་དང་འབྲེལ། ཚོང་ཁང་མགྱོགས་མྱུར་འཛུགས་པ་དང་ཐབས་ལམ་ཡོངས་ཀྱི་ཚོང་གཉེར་རྒྱབ་སྐྱོར་སོགས་ཀྱི་བྱ་ཐབས་ཀྱང་བཏོན་ཡོད།

    ཧོ་མཱ་སིལ་ཚོང་ལས་སྟེགས་ཀྱིས་ཕྱི་ཕྱོགས་ཚོང་དོན་ཁེ་ལས་ལ་ཕྱོགས་ནས་ཆུ་ཚོད་24ཡི་རིང་ཤར་གཏོང་བགྲོད་ལམ་བཏོད་དེ་ཁེ་ལས་ལ་ནུས་ཆེའི་ཟོག་འགྲེམས་མཁོ་སྤྲོད་འཁོར་འབྲེལ་གྱི་འདེགས་སྐྱོར་དང་། རང་ཡོད་སྤུས་རྟགས་ཀྱི་ཚོང་ཟོག་གསར་གཏོད་མཉམ་འབྲེལ་གསར་སྤེལ་བྱེད་པ་སོགས་ཀྱི་རྒྱབ་སྐྱོར་བྱས་ཡོད། ཟླ་4ཚེས་15ཉིན་བར། ཧོ་མཱ་སིལ་ཚོང་ལས་སྟེགས་ལ་ཕྱི་ཕྱོགས་ཚོང་དོན་ཁེ་ལས་100ལྷག་ཙམ་ཞུགས་རྒྱུའི་རེ་ཞུ་འབྱོར་ཞིང་། གཙོ་བོ་ཐབ་ཆས་དང་། འཛིན་ཆས། ཁྱིམ་སྤྱོད་གློག་ཆས་ཆུང་གྲས། མ་བུའི་སྤྱོད་ཆས། མཛེས་འཆོས་བྱུག་རྫས་དང་རྒྱུན་མཁོའི་ཐོན་རྫས་སོགས་ཀྱི་རིགས་གཉེར་སྐྱོང་བྱེད་ཀྱི་ཡོད།

    མིག་སྔར། ཨ་ལི་པ་པའི་ཚོགས་པས་ཕྱི་ཕྱོགས་ཚོང་དོན་གྱི་ཆེད་དོན་ཚོགས་ཆུང་བཙུགས་ཡོད་ཅིང་། ཟླ་4ཚེས་15ཉིན། ཐའོ་པའོ་དང་ཐེན་མའོ་ཡིས“ཕྱི་ཕྱོགས་ཚོང་དོན་ལེགས་འདེམས”ཀྱི་ཆེད་དོན་བྱ་སྤྱོད་སྤེལ་འགོ་ཚུགས་ནས། ཉུང་མཐར་ཡང་ཕྱི་ཕྱོགས་ཚོང་པ་ཁྲི་1དང་ཕྱི་ཕྱོགས་ཚོང་ཟོག་ཡོང་ཁུངས་ཁྲི་10ལ་ཕྱོགས་ཏེ་མགྱོགས་མྱུར་བཅའ་སྡོད་དང་། ཕྱེད་ཚབ་གཉེར་ཞབས་ཞུ། རང་ས་ཅན་གྱི་མཛུབ་ཁྲིད། ཕྱི་ཕྱོགས་ཚོང་དོན་གཟའ་འཁོར་གྱི་ཆེད་གཉེར་འདུ་ཚོགས། ཐེན་མའོ་སྒོ་རྩིས་ཚོང་ཁང་གི་ཐད་ཀར་ཉོ་སྒྲུབ་སོགས་ཀྱི་བྱེད་ཐབས་བརྒྱུད་ཕྱི་ཕྱོགས་ཚོང་དོན་ཚོང་པར་རྒྱལ་ནང་གི་ཁྲོམ་ར་ཆེན་པོ་དང་འབྲེལ་མཐུད་བྱེད་རོགས་བྱེད་རྒྱུ་ཡིན་པ་རེད།

    ཉིན་ཤས་གོང་ཏི་ཏི་ཀུང་སིས་ཆེད་དངུལ་སྒོར་དུང་ཕྱུར་20གསབ་སྣོན་བྱས་ནས“ལས་ཞུགས་བརྟན་པོ་དང་འཛད་སྤྱོད་ལ་སྐུལ་འདེད”དང་དེ་བཞིན་བཟོ་སྐྲུན་ལས་རིགས“ཕྱིར་བསྐྱོད་རྒྱུར”རམ་འདེགས་བྱེད་པར་དམིགས་ནས། ཕྱི་རོལ་གྱི་ངེས་མེད་རང་བཞིན་ལས་བྱུང་བའི་འགྲན་སློང་ལ་ཁ་གཏད་ཧུར་ཐག་གཅོག་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་རེད།

    རང་རྒྱལ་གྱིས་ལོ་16བསྟུད་མར་གོ་ལ་ཧྲིལ་པོའི་ནང་འདྲེན་རྒྱལ་ཁབ་ཆེན་པོ་ཨང་གཉིས་པའི་གནས་བབ་རྒྱུན་འཁྱོངས་བྱས་ནས་ལོ་རེའི་ཆ་སྙོམས་འཕར་ཚད་5.4%ཟིན་ཞིང་། གོ་ལ་ཧྲིལ་པོའི་ནང་འདྲེན་སྐལ་གྲངས་ཀྱང་7.9%ནས་10.5%བར་བརྟན་པོའི་ངང་མཐོ་རུ་ཕྱིན་ཡོད། མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་། ཀྲུང་གོའི་ནང་འདྲེན་མང་དུ་འགྲོ་རྒྱུའི་བར་མཐོངས་ཧ་ཅང་ཆེན་པོ་ཡོད་པ་དང་ཀྲུང་གོའི་ཁྲོམ་ར་ཆེན་པོ་ནི་ཐོག་མཐའ་བར་གསུམ་དུ་འཛམ་གླིང་གི་གོ་སྐབས་ཆེན་པོ་ཞིག་རེད། ཀྲུང་གོས་མུ་མཐུད་བློ་བརྟན་འགྱུར་མེད་ངང་རང་ཉིད་ཀྱི་ལས་དོན་ལེགས་པར་བསྒྲུབས་ནས། རང་ཉིད་ཀྱི་གཏན་འཁེལ་རང་བཞིན་ལ་བརྟེན་ཏེ་ཕྱི་ཕྱོགས་ཁོར་ཡུག་གི་ངེས་མེད་རང་བཞིན་ལ་ཁ་གཏད་གཅོག་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།