དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ཀྱི་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་བྱེད་ཐབས་སྣ་མང་སྤྱད་ནས་རྒྱལ་ཁབ་བདེ་འཇགས་སློབ་གསོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-04-18

    ཟླ་4ཚེས་15ཉིན། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་གིས་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོ་ཐེངས་10པའི་དྲིལ་བསྒྲགས་བྱེད་སྒོ་རབ་དང་རིམ་པ་སྤེལ་ཞིང་། འདི་ནི་འཕྱོངས་རྒྱས་རྫོང་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱི་ལས་དོན་པས་མང་ཚོགས་ལ་དྲིལ་བསྒྲགས་དཔྱད་ཡིག་སྤྲོད་བཞིན་པ།

    ཉེ་ཆར། བོད་ལྗོངས་ནག་ཆུ་གྲོང་ཁྱེར་སོག་རྫོང་གིས་བྱེད་ཐབས་སྣ་མང་སྤྱད་དེ་རྒྱལ་ཁབ་བདེ་འཇགས་སློབ་གསོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཞིང་། འདི་ནི་ནག་ཆུ་གྲོང་ཁྱེར་སོག་རྫོང་སྤྱི་བདེ་ཅུས་མི་དམངས་ཉེན་རྟོག་པས་ཕར་འགྲོ་ཚུར་འོང་བྱེད་མཁན་མང་ཚོགས་ལ་རྒྱལ་ཁབ་ཀྱི་བདེ་འཇགས་ཤེས་བྱར་འགྲེལ་བཤད་རྒྱག་བཞིན་པ།

    དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོ་ཐེངས་10པ་འཆར་ཉེའི་མཚམས་སུ། ཉིན་ཤས་བསྟུད་མར་བོད་ཀྱི་ས་ཁུལ་ཁག་གིས་སྣ་མང་ཕུན་སུམ་ཚོཌ་པའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲཌ་སློབ་གསོའི་བྱེད་སྒོ་སྤེལ་ནས། དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་འདུ་ཤེས་ཟབ་ཏུ་གཏོང་བ་དང་རྒྱལ་ཁབ་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་མཉམ་དུ་བསྐྲུན་ཡོད།

    ཉེ་ཆར། གཞིས་རྩེ་གྲོང་ཨུད་རྒྱལ་ཁབ་བདེ་འཇགས་ཨུ་ལྷན་གཞུང་ལས་ཁང་གིས་འབྲེལ་ཡོད་གྲོང་ཁྱེར(ཀྲུང་དབྱང་དང་ལྗོངས)ཐད་གཏོགས་ཚན་པ་སྒྲིག་འཛུགས་བྱས་ནས་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོའི་གཅིག་སྡུད་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད། ས་གནས་ས་ཐོག་ཏུ་ཚན་པ་ཁག་གིས་འགྲེམས་པང་འཛུགས་པ་དང་། འཕྲེད་འགེལ་སྦྱར་ཡིག་འགེལ་བ། ས་གནས་ས་ཐོག་ཏུ་གསལ་འགྲེལ་བྱེད་པ། དྲིལ་བསྒྲགས་དཔྱད་ཡིག་དང་དྲིལ་བསྒྲགས་དངོས་རྫས་སྤྲོད་པ་སོགས་བརྒྱུད་རྒྱལ་ཁབ་ཀྱི་བདེ་འཇགས་ཤེས་བྱ་ཁྱབ་གདལ་དང་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་འདུ་ཤེས་ཟབ་ཏུ་བཏང་ནས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་བའི་མི་དམངས་ཀྱི་འགོག་སྲུང་འཛིང་རགས་རྒྱུན་ཆད་མེད་པར་བརྟན་དུ་བཏང་ཡོད།

    ནག་ཆུ་གྲོང་ཁྱེར་སོག་རྫོང་གི་ཚན་པ་མང་པོ་ཞིག་གིས་རྒྱལ་ཁབ་བདེ་འཇགས་སློབ་གསོའི་དྲིལ་བསྒྲགས་བྱེད་སྒོ་གཅིག་སྡུད་ངང་སྤེལ་བ་རེད། བྱེད་སྒོ་སྤེལ་ཡུལ་དུ་ཚན་པ་ཁག་གིས་དྲིལ་བསྒྲགས་འགྲེམས་པང་འཛུགས་པ་དང་། དྲིལ་བསྒྲགས་དཔྱད་ཡིག་སྤྲོད་པ། ས་གནས་ས་ཐོག་ཏུ་གསལ་འགྲེལ་བྱེད་པ་སོགས་བརྒྱུད་ཕར་འགྲོ་ཚུར་འོང་བྱེད་མཁན་མང་ཚོགས་ལ་རྒྱལ་ཁབ་ཀྱི་བདེ་འཇགས་བཅའ་ཁྲིམས་དང་། གསང་ཉུལ་ལ་རྒོལ་བའི་བཅའ་ཁྲིམས། འཇིགས་སྐུལ་རིང་ལུགས་ལ་རྒོལ་བའི་བཅའ་ཁྲིམས་སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་བྱས་ཏེ། ཆབ་སྲིད་ཀྱི་བདེ་འཇགས་དང་། རྒྱལ་ཁབ་ས་ཆའི་བདེ་འཇགས། རིག་གནས་ཀྱི་བདེ་འཇགས་སོགས་ཁྱབ་ཁོངས་ཀྱི་རྒྱལ་ཁབ་བདེ་འཇགས་ཤེས་བྱ་ཁྱབ་གདལ་བཏང་ནས་མང་ཚོགས་ལ“རྒྱལ་ཁབ་ཀྱི་བདེ་འཇགས་མི་ཚང་མར་འགན་འཁྲི་ཡོད་པའི”འདུ་ཤེས་འཛུགས་རྒྱུར་ཁྲིད་སྟོན་གྱིས་རང་རྟོགས་ངང་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་བྱས་ཡོད།

    ལྷོ་ཁ་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་འགན་ནུས་སྡེ་ཚན་ཁག་སྒྲིག་འཛུགས་བྱས་ནས“དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོ་གཏིང་ཟབ་དང་ཏན་ཏིག་སྤེལ་བའི་ལོ་བཅུའི”བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་མཉམ་དུ་སྤེལ་བ་རེད།

    ཉིང་ཁྲི་གྲོང་ཁྱེར་མཐའ་མཚམས་མངགས་གཏོང་ཁང་ཁག་གི་མི་དམངས་ཉེན་རྟོག་པས་ཁོངས་གཏོགས་ཁུལ་དང་། སློབ་གྲྭ མཛེས་ལྗོངས་ཁུལ་བཅས་སུ་བསྐྱོད་དེ“བཅའ་ཁྲིམས་ཁྱབ་གདལ་གྱི་དྲིལ་བསྒྲགས་པའི”མིང་ཐོག་ནས། གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་མང་ཚོགས་ལ་རྒྱལ་ཁབ་ཀྱི་བདེ་འཇགས་བཅའ་ཁྲིམས་སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་ཁྱབ་གདལ་བཏང་ནས་རྒྱལ་ཁབ་ཀྱི་བདེ་འཇགས་ཤེས་བྱ་མང་ཚོགས་ཀྱི་ཉེ་འགྲམ་དུ་ཁྱབ་གདལ་བཏང་སྟེ་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བའི་འདུ་ཤེས་མང་ཚོགས་ཀྱི་སེམས་སུ་ཟུག་པར་བྱས་ཡོད།

    ཉེ་ཆར། ལྷ་ས་འགག་སྒོ་ལས་ཁུངས་ཀྱིས་བོད་རང་སྐྱོང་ལྗོངས་ཀྱི་ལྐོག་འདྲེན་རྡུང་རྡེག་གཞུང་དོན་ཁང་དང་དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་གནམ་ཐང་ཚོགས་པ་དང་མཉམ་དུ་ལྷ་སའི་གོང་དཀར་རྒྱལ་སྤྱིའི་གནམ་ཐང་དུ་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

    ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཏང་ཨུད་ཀྱིས“སྲུང་སྐྱེལ+རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་བའི”བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་ནས་་ཏང་ཡོན་སྒྲིག་འཛུགས་བྱས་ཏེ་ལྷ་ས་གྲོང་ཁྱེར་གྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་རྟེན་གཞིར་ལྟ་སྐོར་སློབ་སྦྱོང་བྱེད་པར་བསྐྱོད་པ་རེད། ཚང་མས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པའི་འགན་འཁྲི་ཁུར་སེམས་དང་རང་རྟོགས་རང་བཞིན་སྔར་བས་ཆེ་རུ་གཏོང་བ་དང་དམར་ཐིག་གི་འདུ་ཤེས་དང་མཐའ་ཚད་ཀྱི་འདུ་ཤེས་བརྟན་པོ་བཙུགས་ནས་ལྟ་སྐོར་སློབ་སྦྱོང་གི་གྲུབ་འབྲས་དེ་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་བའི་བྱ་སྤྱོད་དངོས་ལ་ཏན་ཏིག་བསྒྱུར་བར་བྱས་ནས་དུས་རབས་གསར་པའི་གསང་སྲུང་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།

    མངའ་རིས་ས་ཨུད་རྒྱལ་ཁབ་བདེ་འཇགས་ཨུ་ལྷན་གཞུང་ལས་ཁང་གིས་སྣེ་ཁྲིད་དེ་ས་ཁུལ་གྱི་ཚན་པ་49སྒྲིག་འཛུགས་ཀྱིས། དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོའི་གཅིག་སྡུད་དྲིལ་བསྒྲགས་བྱེད་སྒོ་སྤེལ་ནས། མང་ཚོགས་ཚོས་ཁྲིམས་ཤེས་ཁྲིམས་སྲུང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གཏོར་བཤིག་དང་གནོད་འཚེ་གཏོང་བའི་བྱེད་སྤྱོད་རང་རྟོགས་ངང་གཏན་འགོག་བྱེད་པ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་བའི་མང་ཚོགས་ཀྱི་འགན་འཁྲི་ཁུར་སེམས་དང་ལས་འགན་སྒྲུབ་སེམས་སྔར་བས་ཆེ་རུ་གཏོང་བ། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོ་འཛུགས་པ། དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་འདུ་ཤེས་ཟབ་ཏུ་དང་བྱང་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ། རང་རྟོགས་ངང་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།