བོད་ཀྱི་ཡར་ལངས་ཞིང་བྲན་གྱི་བརྙན་པར་ཡིག་ཚགས།
སྤྱི་ཚོགས་གསར་རྙིང་བརྒྱུད་མྱོང་བའི་སྐལ་བཟང་མེ་ཏོག
འདི་ནི་བགྲེས་སོང་སྐལ་བཟང་མེ་ཏོག་གི་བརྙན་པར་ཡིན་པ།
འདི་ནི་བགྲེས་སོང་སྐལ་བཟང་མེ་ཏོག(གཡོན་གྱི་གཉིས་པ)གིས་ནང་མི་དང་མཉམ་དུ་བརྙན་འཕྲིན་ལ་བལྟ་བཞིན་པ།
བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་བསམ་ཡས་གྲོང་རྡལ་དུ་གཞིས་ཆགས་པའི་བགྲེས་སོང་སྐལ་བཟང་མེ་ཏོག་ནི་དགུང་ལོ་81ལ་སླེབས་ཤིང་། ཁོང་གིས་བོད་འདི་ཉིད་བཀས་བཀོད་རྒྱུད་འཛིན་གྱི་ཞིང་བྲན་ལམ་ལུགས་ནས་སྤྱི་ཚོགས་རིང་ལུགས་ཀྱི་གནམ་ས་གསར་པའི་འཕོ་འགྱུར་ཆེན་པོ་བྱུང་བ་བདེན་དཔང་བྱས་ཡོད།
“བོད་རྙིང་པར་ང་ལ་ངོ་དྲག་པའི་གྱོན་གོས་སྣ་གཅིག་ཀྱང་གྱོན་རྒྱུ་མེད་ལ་རྐང་པར་ལྷམ་ཡང་གྱོན་རྒྱུ་མེད། ཐ་ན་རྐང་ཤུབས་ལ་ཡང་ལྷན་པ་གཅིག་ཐོག་ཉིས་བརྩེགས་བརྒྱབ་ཡོད”ཅེས་བགྲེས་སོང་སྐལ་བཟང་མེ་ཏོག་གིས་ཕྱིར་དྲན་བྱེད་བཞིན་བཤད། བཀས་བཀོད་རྒྱུད་འཛིན་གྱི་ཞིང་བྲན་ལམ་ལུགས་འོག་ཞིང་བྲན་གྱིས་མགོ་ཁྲལ་ལྕི་པོ་འཇལ་དགོས་པ་མ་ཟད། ཁྲལ་འུ་ལག་སྣ་ཚོགས་རྒྱུག་དགོས་ཀྱི་ཡོད། “དགོང་མོ་རྟག་ཏུ་ཉལ་ཁོམ་མེད་པར་མི་དཔོན་ལ་གཡོག་རྒྱུག་དགོས་ཀྱི་ཡོད། འོན་ཀྱང་ལས་ཀ་མེད་པའི་སྐབས་སུ་ངའི་ཕ་མས་སློང་བརྒྱབ་ནས་ནང་མི་ཚང་མ་གསོ་གི་ཡོད”ཅེས་བགྲེས་སོང་གིས་ངུ་སྐད་རྒྱག་བཞིན་བཤད།
བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་རྗེས། སྐལ་བཟང་མེ་ཏོག་གི་འཚོ་བར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་ཕྱིན་ཡོད། “ད་ལྟའི་འཚོ་བ་ཧ་ཅང་སྐྱིད་པོ་རེད། ས་ཞིང་བགོས་པ་དང་ཁང་པ་ཡག་པོ་སྡོད་རྒྱུ་བྱུང་བ་མ་ཟད། ཟས་ཀྱང་སྣ་ཚོགས་ཟ་རྒྱུ་ཡོད”ཅེས་བགྲེས་སོང་སྐལ་བཟང་མེ་ཏོག་གིས་བཤད།
དེ་སྔའི་སྡུག་བསྔལ་གྱི་ལོ་ཟླ་ནས་ད་ལྟའི་བདེ་སྐྱིད་ཀྱི་འཚོ་བའི་བར། རྒན་རྒོན་གྱི་ཕྱིར་དྲན་ནི་བོད་རྙིང་པའི་མུན་ནག་ལོ་རྒྱུས་ཀྱི་ནག་ཉེས་བགྲང་བ་ཞིག་ཡིན་ལ། བོད་གསར་པའི་མཛེས་སྡུག་ལྡན་པའི་འཚོ་བར་བསྔགས་བརྗོད་བྱས་པ་ཞིག་ཀྱང་ཡིན།