དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས(ཤེས་བྱའི་བདག་དབང་ཅུས)ཀྱིས།

    ཤེས་བྱའི་བདག་དབང་སྲུང་སྐྱོང་གི་སྲུང་བཅད་བརྟན་དུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-04-18

    གསར་འགོད་པས་ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས(ཤེས་བྱའི་བདག་དབང་ཅུས)ནས་ཤེས་རྟོགས་བྱས་པར། 2024ལོར། ལྷ་ས་གྲོང་ཁྱེར་གྱི་ཤེས་བྱའི་བདག་དབང་ཁྱབ་ཁོངས་སུ“རྒྱལ་ཡོངས་ཀྱི་དཔེ་སྟོན་ཚོད་ལྟའི་གྲོང་ཁྱེར་གྱི་མཚན་སྙན་2”དང་། “ལྗོངས་ཡོངས་ཀྱི་ཐོག་མ་3” “ལྗོངས་ཡོངས་ཀྱི་སྔོན་ཐོན་4” “གཟི་བརྗིད་5”སོགས་གཡུར་ཟའི་གྲུབ་འབྲས་ཐོབ་སྟེ། ཤེས་བྱའི་བདག་དབང་གི་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་ནས་ལྷ་ས་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་བྱས་ཡོད།

    ཤེས་བྱའི་བདག་དབང་དང་སྤུས་འབོར་གཉིས་མཐོ་རུ་ཕྱིན་ཞིང་། 2024ལོའི་ཟླ་12ཚེས་15ཉིན་བར། ལྷ་ས་གྲོང་ཁྱེར་གྱི་གོ་ཆོད་ཚོང་རྟགས་བསྡོམས་འབོར་41530ཟིན་ནས་ལྗོངས་ཡོངས་ཀྱི་བསྡོམས་འབོར་གྱི་62.1%བཟུང་ཡོད། གོ་ཆོད་ཁེ་བེད་བདག་ཐོབ་གྲངས་འབོར་6686ཟིན་ནས་ལྗོངས་ཡོངས་ཀྱི་བསྡོམས་འབོར་གྱི་79.1%བཟུང་ཡོད། གཞན་ཡང་། གྲོང་ཁྱེར་ཡོངས་ལ་ས་ཁམས་མཚོན་རྟགས་ཀྱི་ཚོང་རྟགས་23དང་གོ་ཆོད་ས་ཁམས་མཚོན་རྟགས་ཐོན་རྫས་7ཡོད་པ་རེད། “འདམ་གཞུང་གི་འབྲི་གཡག”ལ་རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུས་ཀྱིས་རྒྱལ་ཁབ་ས་ཁམས་མཚོན་རྟགས་ཐོན་རྫས་སྲུང་སྐྱོང་དཔེ་སྟོན་ཁུལ་འཛུགས་རྒྱུའི་ཆོག་མཆན་ཐོབ་པ་མ་ཟད། ཁྲོན་ཧྥུའུ་ཞིང་ལས་འགྲེམས་སྟོན་དང་དྲ་ཐོག་ཞིང་ལས་འགྲེམས་སྟོན་གྱི་དྲ་ཐོག་ལས་སྟེགས་གཉིས་སུ་གྲུབ་འབྲས་ཐོབ་པའི་ངང་ཞུགས་པ་དང་དུས་མཚུངས། བོད་རང་སྐྱོང་ལྗོངས་ས་མཐོའི་སྐྱེ་དངོས་ཞིབ་འཇུག་སུའོ་དང་། རྒྱལ་ཁབ་ཀྱི་སྟོངས་ཉེར་ཡོད་པའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་སོན་རྒྱུ་དང་གཞི་རྒྱུ་སྲུང་སྐྱོང་ལྟེ་གནས། ཀྲུང་གོ་ཚན་རིག་ཁང་གི་མཚོ་བོད་ས་མཐོའི་ཞིབ་འཇུག་སུའོ་སོགས་ཚན་རིག་ཞིབ་འཇུག་ཚན་པ་གསུམ་དང་འཐབ་ཇུས་མཉམ་ལས་གྲོས་མཐུན་བཞག་ནས་ས་ཁམས་མཚོན་རྟགས་ཐོན་རྫས་སྲུང་སྐྱོང་དང་ཐོན་ལས་འཕེལ་རྒྱས་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་བཏང་ཡོད།

    ཤེས་བྱའི་བདག་དབང་འགན་བཅོལ་ཐད“ལྗོངས་ཡོངས་སུ་ཐོག་མ་གསུམ”མངོན་འགྱུར་བྱུང་ཡོད། 2024ལོར། ལྷ་ས་གྲོང་ཁྱེར་ལ་ཤེས་བྱའི་བདག་དབང་འགན་བཅོལ་ཁྱབ་ཁོངས་སུ་ཚད་བརྒལ་མང་པོ་བྱུང་ནས་ཤེས་བྱའི་བདག་དབང་སྤྱོད་པར་སྐུལ་མ་ཐེབས་ཡོད། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས(ཤེས་བྱའི་བདག་དབང་ཅུས)ཀྱིས་ཁེ་བེད་བདག་ཐོབ་དབང་ཆའི་འགན་བཅོལ་ཐོག་མ་དོན་འཁྱོལ་ལ་སྐུལ་འདེད་བཏང་བ་དང་བོད་ལྗོངས་ཧྲང་ཁྲུའུ་ཐབ་ཆས་ཚན་རྩལ་ཚད་ཡོད་ཀུང་སིས་ཞིབ་འཇུག་གསར་སྤེལ་བྱས་པའི་ས་མཐོའི་ནུས་མང་གཡོས་སྦྱོར་ཐབ་ཆས་རབ་དང་རིམ་པ(ཁྱོན་བཟོ་དབྱིབས་མི་འདྲ་བ་14དང་ཁེ་བེད་བདག་ཐོབ་ཁག་17རེ་ཞུ་བྱས་ཡོད)ལྗོངས་ཡོངས་ཀྱི་ཁེ་བེད་བདག་ཐོབ་སྡེབ་སྒྲིག་འགན་བཅོལ་ཐོག་མ་འགན་ལེན་བྱས་ནས་ཁེ་ལས་ཀྱིས་ཤེས་བྱའི་བདག་དབང་འཁོར་རྒྱུག་གི་ཉེན་ཁ་སྔོན་འགོག་བྱ་རྒྱུར་འགན་ལེན་བརྟན་པོ་བྱས་ཡོད།

    ཤེས་བྱའི་བདག་དབང་གི་སྤྱི་པའི་ཞབས་ཞུ་དང་སྲུང་སྐྱོང་གི“སྣེ་ཁྲིད་བཞི”ཡི་ཐད་ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས(ཤེས་བྱའི་བདག་དབང་ཅུས)ཀྱིས་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་སྔོན་ཐོན་ཉམས་མྱོང་ལ་བརྟེན་ནས། སྔོན་ལ་ལྗོངས་ཡོངས་སུ“ཤེས་བྱའི་བདག་དབང་གི་སྤྱི་པའི་ཞབས་ཞུའི་ལས་སྟེགས”ཐོག་མ་བསྐྲུན་ནས། གོ་ལ་ཧྲིལ་པོའི་ཁེ་བེད་བདག་ཐོབ་གྲངས་གཞི་དུང་ཕྱུར་1.6དང་ཚད་ལྡན་གྲངས་གཞི་ཁྲི་175.46དང་དེ་བཞིན་རྒྱལ་ཡོངས་ཀྱི་ཐོ་བཀོད་ཚོང་རྟགས་གྲངས་གཞི་ཁྲི་4147.97དང་། པར་དབང་གྲངས་གཞི་ཁྲི་524.79 ཕྱི་རྒྱལ་གྱི་ཤེས་བྱའི་བདག་དབང་གི་གྲངས་གཞི་1252སོཌ་བསྡུས་པས། ཤེས་བྱའི་བདག་དབང་གི་གཞི་གྲངས་ཆེན་པོའི་ཐོན་ཁུངས་མཛོད་གྲུབ་སྟེ་ཁེ་ལས་ལ་འདྲི་རྩད་ཞབས་འདེགས་ཞུས་པ་དང་བོད་ཀྱི་ཤེས་བྱའི་བདག་དབང་གི་སྤྱི་པའི་ཞབས་ཞུའི་ལས་སྟེགས་ཀྱི་སྟོང་ཆ་གསབ་པ་མ་ཟད་ལས་སྟེགས་ལ་ལྟ་ཐེངས་ཁྲི་26ལྷག་ཙམ་ཟིན་ཡོད།

    2024ལོའི་ཟླ་5པར། ལྷ་ས་གྲོང་ཁྱེར་གྱིས་སྔོན་ལ“ཤེས་བྱའི་བདག་དབང་ཆེད་ལས་ཨུ་ལྷན”བཙུགས་ནས་ཁེ་ལས་ཀྱི་བློ་འདྲི་ཐེངས་400ལྷག་ཙམ་དང་ལེན་བྱས་པ་དང་དཀའ་གནད་600ལྷག་ཙམ་ལ་ལན་བཏབ་ཡོད། གཞན་ཡང་། ལྷ་ས་གྲོང་ཁྱེར་གྱིས་སྔོན་ལ་གྲངས་གཞིའི་ཤེས་བྱའི་བདག་དབང་ཐོ་བཀོད་བྱས་པ་དང་བོད་ལྗོངས་མཆོག་ནོར་གྲངས་འཛིན་ཐོན་ལས་དོ་དམ་ཚད་ཡོད་ཀུང་སིས“བོད་རྒྱ་ཡིག་སྒྱུར་ཚད་ལྡན་སྐད་འགྲོས་གཞི་གྲངས་གཅིག་སྡུད”གྲངས་གཞི་ཁྲི་6500ཐོ་འགོད་རེ་ཞུ་རོགས་རམ་བྱས་པར་བརྟེན་གྲངས་གཞིའི་ཤེས་བྱའི་བདག་དབང་ཐོ་འགོད་ལག་ཁྱེར་རག་ནས། ལྗོངས་ཡོངས་ཀྱི་གྲངས་འཛིན་དཔལ་འབྱོར་ཐོན་ལས་ཁྱབ་ཁོངས་ཀྱི་ཤེས་བྱའི་བདག་དབང་ཐོ་འགོད་ཐུབ་སྟེ་གྲངས་གཞིའི་རྒྱུ་རྐྱེན་གོ་རིམ་ལྡན་པའི་ངང་འཁོར་རྒྱུག་དང་གྲངས་གཞིའི་ཐོན་རྫས་ཀྱི་ཤེས་བྱའི་བདག་དབང་སྲུང་སྐྱོང་ལ་སྐུལ་འདེད་བཏང་ཡོད།

    མཐུན་སྦྱོར་སྲུང་སྐྱོང་ལམ་སྲོལ་ལ་བརྟེན་ནས་དབང་གནོད་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་ཞིང་། ཤེས་བྱའི་བདག་དབང་གི་མཐུན་སྦྱོར་སྲུང་སྐྱོང་ཐད་ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཁོང་གཏོགས་དང་། སྤྱི་བདེ་སྡེ་ཚན། ཁྲིམས་ཁང་བཅས་ཀྱིས་ཆེད་དོན་བྱ་སྤྱོད་ཧུར་ཐག་སྤེལ་ཡོད། ལོ་ཧྲིལ་པོར“རྡུང་རྡེག་གཉིས”ཀྱི་བྱ་སྤྱོད་སྤེལ་ནས་སྲིད་འཛིན་གྱོད་གཞི་21སྒྲུབ་གཉེར་བྱས་པ་དང་། དངོས་ཟོག་རྫུན་མ་2065མེད་པར་བཟོས་པའི་རིན་ཐང་སྒོར་ཁྲི་24ཟིན་ཡོད། “ཁུན་ལུན་བྱ་སྤྱོད”ཁྲོད་གྱོད་གཞི་3སྒྲུབ་གཉེར་བྱས་པ་དང་། ཐ་མག་རྫུན་མ་རྡ་ཚན་2186རྩད་ཆོད་པ་དང་ཁྲིམས་འགལ་གྱི་ཐོབ་ཆ་སྒོར་ཁྲི་49.07གཞུང་བཞེས་བཏང་བ་མ་ཟད། སི་ཁྲོན་སྤྱི་བདེར་ཉེས་གསོག་དོགས་ཅན་12རྩིས་སྤྲད་ཡོད། རིམ་གཉིས་ཁྲིམས་ཁང་གིས་ཤེས་བྱའི་བདག་དབང་གི་གྱོད་གཞི་358བདག་སྤྲོད་བྱས་པ་དང་། ཉེས་ཆད་ལག་བསྟར་སྦྲེལ་མཐུད་ལམ་ལུགས་ལག་ལེན་བསྟར་ཏེ་ཤེས་བྱའི་བདག་དབང་གི་དབང་གནོད་བྱ་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་ནས་ཁྲོམ་རའི་སྒྲིག་ལམ་སྲུང་སྐྱོང་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།