ལྷོ་ཁ་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས།
མི་དམངས་འཐུས་ཚོགས་ཀྱི་འཐུས་མིར་རང་འགན་གཙང་སྒྲུབ་བྱེད་པར་ཁྲིད་སྟོན་བྱས་པ།
“རྒྱལ་སྲུང་ནི་དམག་མིའི་འགན་འཁྲི་ཡིན་ལ། སྤྱི་དམངས་ཚང་མའི་འོས་འགན་ཡང་རེད”འཕྱོངས་རྒྱས་རྫོང་མི་དམངས་དྲག་ཆས་པུའུ་དང་ཤང་མི་དམངས་འཐུས་ཚོགས་ཀྱི་ཀྲུའུ་ཞི་ཚོགས་པ་ལས་གྲུབ་པའི་སྒྲོག་འགྲེལ་ཚོགས་པས། བོད་རྒྱ་སྐད་ཡིག་གཉིས་ནས་ཞིང་འབྲོག་མང་ཚོགས་ལ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲུང་སློབ་གསོའི་བཅའ་ཁྲིམས》ཀྱི་དོན་ཚན་རེ་རེ་བཞིན་ལ་འགྲེལ་བཤད་བརྒྱབ་ཡོད།
འདི་ལོ་སྤེལ་འགོ་ཚུགས་པའི“རྒྱལ་སྲུང་སློབ་གསོས་དམངས་སེམས་རབ་ཏུ་བརླན། འཐུས་མིས་རང་འགན་ཐེག་པ་ཁུར་ལེན་བྱེད”ཅེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོར《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲུང་སློབ་གསོའི་བཅའ་ཁྲིམས》སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱ་རྒྱུ་དེ་ནང་དོན་གཙོ་བོར་བྱས་ཡོད།
ལྷ་ཡུལ་ཤང་དུ“རྒྱལ་སྲུང་སློབ་གསོས་དམངས་སེམས་རབ་ཏུ་བརླན། འཐུས་མིས་རང་འགན་ཐེག་པ་ཁུར་ལེན་བྱེད”ཅེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་མུ་མཐུད་སྤེལ་ཡོད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲུང་སློབ་གསོའི་བཅའ་ཁྲིམས》ལ་གསལ་འགྲེལ་བྱས་རྗེས《དུས་རབས་གསར་པའི་མཐའ་མཚམས་ས་ཁུལ་གྱི་རྒྱལ་སྲུང་བདེ་འཇགས་དང་འགན་འཁྲི་འཁུར་སེམས》ཞེས་འགོ་བརྗོད་དུ་འཁོད་པའི་རྒྱལ་སྲུང་སློབ་གསོའི་སློབ་ཚན་སླར་ཡང་འཁྲིད་འགོ་ཚུགས་པ་རེད།
“བོད་འདི་ཉིད་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འཐབ་ས་མདུན་མར་གནས་ཡོད་པས། དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོར་ཤུགས་སྣོན་རྒྱག་པར་དམིགས་བསལ་གྱི་དོན་སྙིང་གལ་ཆེན་ལྡན་ཡོད”སློབ་ཁྲིད་ཐོག་སློབ་ཁྲིད་དགེ་རྒན་གྱིས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་སྣེ་ཁྲིད་དེ་རྒྱལ་སྲུང་སྲིད་ཇུས་དྲིལ་བསྒྲགས་བྱས་ནས་མང་ཚོགས་དམག་དཔུང་སྒྱུར་བཅོས་ལ་རྒྱབ་སྐྱོར་དང་མཐའ་སྲུང་འཛུགས་སྐྲུན་ནང་ཞུགས་རྒྱུར་སྐུལ་སློང་བྱེད་དགོས་ཞེས་བརྗོད་པ་རེད།
2018ལོ་ནས་བཟུང་། ལོ་བདུན་བསྟུད་མར་ལྷོ་ཁ་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ལོ་ལྟར་བརྗོད་དོན་གཙོ་བོ་གཅིག་གཏན་འཁེལ་བྱས་ནས་བཅའ་ཁྲིམས་དང་ཁྲིམས་སྲོལ་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་པའི་བྱེད་སྒོ་སྤེལ་གྱི་ཡོད།