དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • མངའ་རིས་ཚོ་སྲིབ་གསུམ་དཀྱིལ་ཤང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-04-18

    འདྲ་མཉམ་མཐུན་སྒྲིལ་རོགས་རེས་འཆམ་མཐུན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་གཏོང་ཆེད། ཉིན་ཤས་བསྟུད་མར། མངའ་རིས་ས་ཁུལ་རྩྭ་མདའ་རྫོང་ཚོ་སྲིབ་གསུམ་དཀྱིལ་ཤང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བའི་གཙོ་རྐང་ལ་དམ་པོར་དམིགས་ནས། ངོ་མཚར་ཆེ་ལ་ཕུན་སུམ་ཚོགས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་རེད།

    མི་རིགས་སྲིད་ཇུས་ཁྲིམས་སྲོལ་དྲིལ་བསྒྲགས་བྱེད་པའི་ལས་དོན་ཁྲོད། ཚོ་སྲིབ་གསུམ་དཀྱིལ་ཤང་གིས་བུད་མེད་དུས་ཆེན་དང་། ལེ་ཧྥུང་ལ་སློབ་སྦྱོང་བྱེད་པའི་བྱེད་སྒོའི་ཉིན་མོ། བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ་སོགས་ལ་བརྟེན་ནས་དྲིལ་བསྒྲགས་བྱེད་སྒོ་སྣ་ཚོགས་སྒྲིག་འཛུགས་དང་ཇུས་འགོད་ཞིབ་ཚགས་བྱས་པ་རེད།

    སྒྲོག་འགྲེལ་པས《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་འཛུགས་གཏོད་སྲོལ་ཡིག》གཞིར་བཟུང་། ཞིང་འབྲོག་མང་ཚོགས་ཀྱིས་བཏོན་པའི་དོགས་གནད་སྣ་ཚོགས་ལ་དམིགས་ནས་ས་གནས་ས་ཐོག་ཏུ་ལན་ཞིབ་ཕྲ་བཏབ་པ་རེད། དེ་དང་ཆབས་ཅིག་ཉེ་འཁོར་གྱི་གསོན་ཉམས་དོད་པའི་མི་རིགས་མཐུན་སྒྲིལ་གྱི་དཔེ་མཚོན་དྲངས་ནས་རང་ཡུལ་གྱི་ཐོན་ཁུངས་སྔོག་འདོན་དང་བེད་སྤྱོད་གང་ལེགས་བྱས་ཏེ། ཞིང་འབྲོག་མང་ཚོགས་ཀྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་དང་མི་རིགས་མཐུན་སྒྲིལ་གྱི་ངོས་འཛིན་དང་ཤེས་རྟོགས་སྔར་བས་ཟབ་ཏུ་བཏང་ནས། ཁོང་ཚོའི་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་གི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་ཆེ་རུ་ཏན་ཏིག་བཏང་བ་རེད།

    གཞན་ཡང་ཚོ་སྲིབ་གསུམ་དཀྱིལ་ཤང་གིས་ཐོག་མཐའ་བར་གསུམ་དུ་རིག་གནས་སྤེལ་རེས་ལ་བརྟེན་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་སེམས་ཁམས་མཉམ་འདྲེས་ལ་སྐུལ་འདེད་གཏོང་བའི་འདུ་ཤེས་རྒྱུན་འཁྱོངས་བྱས་ནས། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་ཤུགས་ཆེན་བཏང་ཡོད། “མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི”རིག་རྩལ་བྱེད་སྒོ་རབ་དང་རིམ་པར་བརྟེན་ནས་མི་རིགས་ཁག་གི་འགྲོ་འོང་སྤེལ་རེས་མཉམ་འདྲེས་ཀྱི་རྒྱ་ཆེའི་སྟེགས་བུ་བསྐྲུན་ཡོད། ངོ་མཚར་ཆེ་བའི་རིག་རྩལ་འཁྲབ་སྟོན་དང་སྤྲོ་སྣང་ལྡན་པའི་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་བྱེད་སྒོ་སྤེལ་བ་བརྒྱུད། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་མི་རིགས་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ཤེས་རྟོགས་ཟབ་མོ་ཐུབ་ཡོད།

    ཚོ་སྲིབ་གསུམ་དཀྱིལ་ཤང་སྲིད་གཞུང་གི་འབྲེལ་ཡོད་འགན་འཁུར་བས། བྱེད་སྒོ་རབ་དང་རིམ་པ་སྤེལ་བ་བརྒྱུད། ཞིང་འབྲོག་མང་ཚོགས་ཚོར“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་བཙུགས་ནས་མི་རིགས་ཁག་གི་འགྲོ་འོང་སྤེལ་རེས་མཉམ་འདྲེས་ལ་སྐུལ་འདེད་གཏོང་བའི”ནང་དོན་གཏིང་ཟབ་དང་དོན་སྙིང་གལ་ཆེན་ངོས་འཛིན་ཟབ་མོ་བྱུང་ཡོད། སླད་ཕྱིན་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་འཛིན་ནས་ལས་ཀའི་བྱེད་སྟངས་དང་བྱ་ཐབས་རྒྱུན་ཆད་མེད་པར་གསར་གཏོད་དང་བྱེད་སྒོའི་ནང་དོན་ཕུན་སུམ་ཚོགས་སུ་བཏང་སྟེ། ཤང་ཡོངས་ཀྱི་ལས་བྱེད་པ་མང་ཚོགས་ཀྱི་སྟོབས་ཤུགས་གཅིག་སྒྲིལ་བྱས་ནས་མེས་རྒྱལ་ལྷོ་ནུབ་མཐའ་མཚམས་སུ་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་གི་ཡིན་ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།