དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གཞིས་རྩེ་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་དུད་སྣ་མཐའ་མཚམས་མངགས་གཏོང་ཁང་གིས།

    བཅོས་སྒྲིག་བྱེད་ཐབས་གསུམ་སྤྱད་ནས་མཐའ་མཚམས་ཀྱི་བདེ་འཇགས་སྲུང་བཅད་བརྟན་དུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-04-18

    འདི་ནི་མི་དམངས་ཉེན་རྟོག་པས་མང་ཚོགས་ལ་ཁྲིམས་ལུགས་ཁྱབ་གདལ་གཏོང་བཞིན་པ།

    འདི་ནི་མི་དམངས་ཉེན་རྟོག་པས་སློབ་མ་ཚོར་ན་སོ་དར་ལ་མ་བབས་པའི་མིའི་སྲུང་སྐྱོང་བཅའ་ཁྲིམས་གསལ་འགྲེལ་བྱེད་བཞིན་པ།

    འདི་ནི་མི་དམངས་ཉེན་རྟོག་པས་སྐོར་གཡེང་བྱེད་བཞིན་པ།

    ཉེ་བའི་ལོ་ཤས་རིང་། གཞིས་རྩེ་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་དུད་སྣ་མཐའ་མཚམས་མངགས་གཏོང་ཁང་གིས“ཁྲིམས་སྐྱོང་དྲིལ་བསྒྲགས་དང་མངོན་མེད་རྐྱེན་ངན་གྲལ་བཤེར། སྐོར་གཡེང་སྔོན་འགོག་ཚོད་འཛིན”བཅས་ཟུང་འབྲེལ་གྱི་བཅོས་སྒྲིག་བྱེད་ཐབས་གསུམ་གསར་གཏོད་ལག་བསྟར་བྱས་ནས་མཐའ་མཚམས་ཀྱི་བདེ་འཇགས་སྲུང་བཅད་བརྟན་དུ་བཏང་བས་ཁྲིམས་སྐྱོང་གི་འོད་ཟེར་གངས་ལྗོངས་མཐའ་མཚམས་ཕྱོགས་སུ་འཕྲོ་བར་བྱས་ཡོད།

    མངགས་གཏོང་ཁང་དེས“གློག་སྒྲོན་དམར་པོས་མཚོ་ངོགས་གསལ་བར་བྱེད་པའི”ཏང་འཛུགས་སྐྱོང་གི་སྤུས་རྟགས་དང་ཟུང་འབྲེལ་བྱས་ནས“མཚོ་ངོགས་ཀྱི་ཁྲིམས་ལུགས་ཁྱབ་གདལ་རུ་ཁག”འཛུགས་སྐྱོང་བྱེད་ཟབ་ཏུ་བཏང་སྟེ། ཁྲིམས་ལུགས་ཁྱབ་གདལ་གྱི་དྲིལ་བསྒྲགས་དང་མཐའ་མཚམས་སྐོར་གཡེང་ཟུང་འབྲེལ་ནུས་ལྡན་ཐུབ་པར་བྱས་ཡོད། མི་དམངས་ཉེན་རྟོག་པས་བོད་རྒྱ་སྐད་གཉིས་ཀྱི་ཁྲིམས་ལུགས་ཁྱབ་གདལ་གྱི་དྲིལ་བསྒྲགས་ལག་དེབ་ཁྱེར་ནས་སྲིད་འཛིན་གྲོང་ཚོ་8དང་། ཨར་སྐྲུན་ལས་ཡུལ་2 ཚོང་ཁང་དང་ཇ་ཁང་12བཅས་སུ་བསྐྱོད་དེ་ཕྱིར་གླ་པ་རྒྱུག་མཁན་གྱི་ཁེ་དབང་སྲུང་སྐྱོང་དང་གཞོན་ནུ་ལོ་ཆུང་གི་གནོད་འཚེ་སྔོན་འགོག་སོགས་གླེང་མང་བའི་གནད་དོན་ལ་དམིགས་ནས་གནད་སྨིན་གྱི་ཁྲིམས་ལུགས་ཁྱབ་གདལ་བཏང་ཡོད། “གྱོད་དཔེའི་དངོས་མཚོན་འཁྲབ་ཚན་དང་བཅའ་ཁྲིམས་ཤེས་བྱའི་འགྲན་བསྡུར”ཟུང་འབྲེལ་བརྒྱུད་གོ་བ་ལེན་དཀའ་བའི་བཅའ་ཁྲིམས་ཀྱི་དོན་ཚན་དག་གོ་བདེ་ཤེས་སླར་འགྱུར་ཐུབ་པར་བྱས་ཡོད། ད་ལོ་ནས་བཟུང་རིམ་རྩིས་བརྒྱབ་ན་ཁྲིམས་ལུགས་ཁྱབ་གདལ་གྱི་བྱེད་སྒོ་ཐེངས་24སྤེལ་བ་དང་དྲིལ་བསྒྲགས་དཔྱད་ཡིག་600ལྷག་ཙམ་སྤྲད་པས་མང་ཚོགས་མི་ཐེངས་800ལྷག་ཙམ་ལ་སློབ་གསོ་ཐོབ་ཡོད།

    མངགས་གཏོང་ཁང་དེས“2+1+N”ཡི་འདུམ་འགྲིག་བྱེད་སྟངས(མི་དམངས་ཉེན་རྟོག་པ་2དང་ཤང་གི་འདུམ་འགྲིག་པ་1 དྲ་མིག་པ་N)སྤྱད་ནས་འགལ་ཟླ་འདུམ་འགྲིག་བྱ་རྒྱུ་དེ་སྔོན་སྤེལ་ལས་དོན་ནང་བཞག་ཡོད། དུད་ཚང་ཚང་མར་བསྐྱོད་དེ་བཅར་འདྲི་བྱས་པ་བརྒྱུད་ངལ་རྩོལ་གླ་ཆའི་རྩོད་གཞི་དང་ཁྱིམ་མཚེས་ཀྱི་འགལ་ཟླ་སོགས་མངོན་མེད་རྐྱེན་ངན་གཙོ་གནད་ཐོག་གྲལ་བཤེར་བྱས་ནས་འགུལ་རྣམ་དོ་དམ་གྱི་རྩིས་ཁྲ་བཟོས་ཡོད། ད་ལོ་འགལ་ཟླ་དང་རྩོད་གཞི་ཁག་3དང་སྔོན་ཚུད་ཉེན་གཏོང་གི་ཉེན་ཁའི་མངོན་མེད་རྐྱེན་ངན་གནས་ས་ཁག་2བདེ་བླག་ངང་བསལ་ཡོད། ཨར་སྐྲུན་ལས་ཡུལ་ཞིག་ཏུ་མི་དམངས་ཉེན་རྟོག་པས་ངལ་རྩོལ་གླ་ཆའི་རྩོད་གཞི་ཐོན་པ་ཤེས་རྗེས་ཤང་ཕྱོགས་བསྡུས་བཅོས་སྒྲིག་སྡེ་ཚན་དང་མཉམ་དུ་འཕྲལ་མར་འདུམ་འགྲིག་ནང་ཞུགས་ཏེ་ལས་བཟོ་3ལ་དུས་ཐོག་ཏུ་གླ་ཆ་སྒོར་ཁྲི་27.5སྤྲད་ཡོད་པ་རེད།

    མངགས་གཏོང་ཁང་དེས“135དང་246”གི་སྐོར་གཡེང་ལམ་སྲོལ་གསར་གཏོད་ལག་བསྟར་བྱས་ནས་གཙོ་གནད་དུས་མཚམས་ནང་སློབ་གྲྭ་དང་ཟ་ཁང་སོགས་ལས་རིགས་སུ་སྐོར་སྲུང་བྱེད་ཟབ་ཏུ་བཏང་ཡོད།

    ད་ལོ་ནས་བཟུང་སྐོར་གཡེང་བཅར་འདྲི་བརྒྱུད་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གནས་ས་ཁག་8བསལ་ཡོད། མཐའ་མཚམས་དོ་དམ་ཚོད་འཛིན་ཐད“ཏང་སྲིད་དམག་ཉེན་དམངས”བཅས་ཕྱོགས་ལྔ་གཞི་གཅིག་གི་སྔོན་འགོག་ཚོད་འཛིན་མ་ལག་བཙུགས་ཏེ་བཅའ་སྡོད་དུད་སྣ་ཤང་ཏང་ཨུད་དང་སྲིད་གཞུང་དང་དེ་བཞིན་དུད་སྣ་ཤང་སྤྱི་བདེ་རིམ་པ་གཉིས་པའི་ཞིབ་བཤེར་ས་ཚིགས་དང་མཉམ་དུ་སྐོར་གཡེང་ཐེངས་6བྱས་ནས་མཐའ་མཚམས་ས་ཁུལ་གྱི་བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་ནུས་ལྡན་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།