དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷོ་ཁ་གྲོང་ཁྱེར་གྱིས།

    ཕྱོགས་བསྡུས་བཅོས་སྐྱོང་དྲིལ་བསྒྲགས་ཟླ་བའི་གཅིག་སྡུད་དྲིལ་བསྒྲགས་ཀྱི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-04-18

    ཉེ་ཆར། སྤྱི་ཚོགས་བཅོས་སྐྱོང་གི་ཁོར་ཡུག་བཟང་པོ་ཞིག་བཏོད་དེ་མང་ཚོགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་ཟབ་ཏུ་གཏོང་ཆེད། ལྷོ་ཁ་གྲོང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱིས་སྣེ་ཁྲིད་པ་དང་། གྲོང་ཁྱེར(ཀྲུང་དབྱང་ཐད་གཏོགས་དང་། རང་སྐྱོང་ལྗོངས)ཐད་གཏོགས་ཚན་པ་ཁག་ཞུགས་པའི་ཕྱོགས་བསྡུས་བཅོས་སྐྱོང་དྲིལ་བསྒྲགས་ཟླ་བའི་གཅིག་སྡུད་དྲིལ་བསྒྲགས་ཀྱི་བྱེད་སྒོ་སྦར་ར་ཁྲོམ་གཞུང་དུ་སྤེལ་བ་རེད།

    ལས་དོན་པས་ས་གནས་ས་ཐོག་ཏུ་ཁྲིམས་ལུགས་བློ་འདྲིའི་ལས་སྟེགས་བཙུགས་ནས་ཆེད་ལས་ལས་དོན་པས་མང་ཚོགས་ཀྱི་དོགས་གནད་སེལ་བ་དང་། ཁྲིམས་ལུགས་ཀྱི་ཤེས་བྱའི་ནང་དོན་སྣ་ཚོགས་དང་འབྲེལ་བ་ཡོད་པའི་འཕྲེད་འགེལ་ཡི་གེ་དང་འགྲེམས་པང་མངོན་གསལ་དོད་སར་བཀལ་བ་དང་འཛུགས་པ། དམངས་དོན་ཁྲིམས་གཞུང་དང་ན་སོ་དར་ལ་མ་བབས་པའི་མིའི་སྲུང་སྐྱོང་བཅའ་ཁྲིམས་སོགས་ཁྲིམས་ལུགས་ཁྲིམས་སྲོལ་དང་། ནག་སེལ་གཤེད་འཇོམས། གློག་འཕྲིན་ཁ་བསླུས་མི་ཤོར་བ་སོགས་ཀྱི་གོ་ཆོད་ཤེས་བྱའི་ནང་དོན་དང་འབྲེལ་བའི་དྲིལ་བསྒྲགས་དཔྱད་ཡིག་དང་དྲིལ་བསྒྲགས་དངོས་པོ་མང་ཚོགས་ལ་སྤྲོད་པ་སོགས་བྱས་ཡོད།

    དྲིལ་བསྒྲགས་དཔྱད་ཡིག་ལེན་པར་འོང་བའི་མང་ཚོགས་ཚེ་རིང་སྒྲོལ་མས། “བྱེད་སྒོ་འདི་རིགས་གཉེར་ན་ཧ་ཅང་ཡག་པོ་འདུག སྔོན་མ་ཁྲིམས་ལུགས་ཀྱི་ཤེས་བྱ་མང་པོར་རྒྱུས་མངའ་དེ་ཙམ་མེད་ནའང་། ད་རེས་ལས་དོན་པས་འགྲེལ་བཤད་བརྒྱབ་པ་ཉན་པ་དང་དཔྱད་ཡིག་མང་པོ་ལེན་རྒྱུ་བྱུང་ནས་ཕྱིས་འབྱུང་གློག་འཕྲིན་ཁ་བསླུས་སོགས་ཀྱི་གནད་དོན་འཕྲད་ཚེ་ཐག་གཅོད་གང་འདྲ་བྱེད་དགོས་མིན་ཤེས་བྱུང་། དེ་ང་ཚོ་རྒན་འཁོགས་ལ་ཕན་ཐོགས་ཆེན་པོ་བྱུང་བས། རང་ཁྱིམ་དུ་ལོག་རྗེས་ཕྲུ་གུ་ཚོར་ཡང་ཤོད་ཀྱི་ཡིན”ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།