དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ཀྱི་ལུས་རྩལ་པས་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ལ་ཞུགས་རྒྱུའི་གྲ་སྒྲིག་ཧུར་ཐག་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-04-18

    ཉེ་ཆར། གསར་འགོད་པས་2024ལོ་ནས་2025ལོའི་ལོ་འཁོར་གྱི་དགུན་དུས་སྦྱོང་བརྡར་ལས་དོན་ཕྱོགས་བསྡོམས་དང་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པར་གྲ་སྒྲིག་བྱེད་པའི་ལས་དོན་ལ་སྐུལ་འདེད་གཏོང་བའི་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར། མིག་སྔར་བོད་ཀྱི་ལུས་རྩལ་པ་ཚོས་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པར་ཞུགས་རྒྱུའི་གྲ་སྒྲིག་ཧུར་ཐག་བྱེད་བཞིན་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། རང་སྐྱོང་ལྗོངས་ལུས་རྩལ་འགྲན་བསྡུར་ལྟེ་གནས་ཀྱི་ལུས་རྩལ་རུ་ཁག་10ཡིས་རུ་ཁག་ཁག་གི་དགུན་དུས་སྦྱོང་བརྡར་གྱི་འཆར་གཞི་གཞིར་བཟུང་། དུས་བཀག་ལྟར་དགུན་དུས་སྦྱོང་བརྡར་བྱས་ཏེ་ཁྱོན་བསྡོམས་ཞིང་ཆེན་11(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར)དང་སྦྱོང་བརྡར་རྟེན་གཞི་16ལ་བསྐྱོད་པ་རེད། ཞིང་ཆེན་གཞན་དག(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར)གི་ལུས་རྩལ་རུ་ཁག་དང་མཉམ་དུ་སྦྱོང་བརྡར་དང་ནང་སྦྱོང་བྱས་པར་བརྟེན་ལུས་རྩལ་པའི་རྩལ་ནུས་དང་འཐབ་རྩལ་གྲབས་གསོག་སྔར་བས་ཕུན་སུམ་ཚོགས་སུ་ཕྱིན་པ་དང་། ཟུངས་ནུས་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ། རྩལ་ནུས་དེ་བས་ཚད་ལྡན་དང་བྱང་ཆ་ལྡན་པ། སེམས་ཁམས་ཀྱང་དེ་བས་བརྟན་དུ་ཕྱིན་ཡོད།

    རང་སྐྱོང་ལྗོངས་སྤྱི་ཚོགས་ལུས་རྩལ་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཧྥང་ཁྲུན་ལེ་ཡིས་ཚོགས་འདུའི་ཐོག དགུན་དུས་སྦྱོང་བརྡར་བྱེད་རིང་ཆེད་ལས་ཀྱི་ཟུངས་ནུས་རྩལ་ཁྲིད་པ་གདན་ཞུ་བྱས་པ་དང་དཔུང་ཁག་གི་དོན་དངོས་དང་ཟུང་འབྲེལ་གྱིས་མི་རེར་ཡིག་ཚགས་རེ་བྱས་ཏེ་ལུས་རྩལ་པའི་རྩལ་འགྲན་མཚོན་ཚུལ་གྲངས་འཛིན་ཅན་གྱི་ཡིག་ཚགས་བཟོས་ནས་ལུས་རྩལ་པའི་ནུས་ཤུགས་དང་། མྱུར་ཚད། བདེ་རྩལ། སྙུགས་ཤེད། མཉེན་ཆ་སོགས་ལུས་པོའི་བྱང་ཚད་ཀྱི་དམིགས་ཚད་ལེགས་སུ་ཕྱིན་པ་དང་། རྟ་ལ་སྦྱོང་བརྡར་སྤྲོས་པའི་ཐད་ཚན་རིག་དང་མཐུན་པའི་གསོ་ཚགས་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་རིམ་བཞིན་རྟའི་སྙུགས་ཤེད་ཆེ་རུ་དང་ཤ་གནད་ཀྱི་ཐེགས་ཤུགས་རྒྱས་པ་མ་ཟད། རྟའི་གཤིས་ཀ་དང་ཁྱད་ཆོས་ལ་གཞིགས་ནས་སྦྱོང་བརྡར་ཇུས་གཞི་བཟོས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།