དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • གྱོན་ཆས་ཐོན་ལས་འཕེལ་རྒྱས་བཏང་། དཔལ་འབྱོར་འཕར་གཞི་གསར་པ་བཏོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-04-17

    ཧྲན་ཏུང་ཞིང་ཆེན་ཧོ་ཙེ་གྲོང་ཁྱེར་ཚའོ་རྫོང་གིས་དྲ་ཐོག་ཚོང་དོན་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་གྱོན་ཆས་ཐོན་ལས་འཕེལ་རྒྱས་ཧུར་ཐག་བཏང་བས་གསར་གཏོད་ཞིབ་སྤེལ་དང་། འཆར་འགོད་འཚེམ་བཟོ། གྱོན་ཆས་ཀྱི་དཔེ་འཚེམ་པ། ཕར་ཆིན་རྒྱག་པ། འགྲེམས་སྟོན་བྲིན་ཚོང་བཅས་ཡོངས་ལ་ཁྱབ་པའི་ཐོན་ལས་འཁོར་འབྲེལ་ཆ་ལག་ཚང་བ་ཞིག་ཆགས་ཡོད། མིག་སྔར། ཚའོ་རྫོང་ལ་རྒྱ་བཟོའི་གྱོན་ཆས་འཚེམ་མཁན་ཁེ་ལས་2753ཡོད་པ་དང་། 2024ལོར་དྲ་ཐོག་དང་དྲ་ཕྱི་ནས་གྱོན་ཆས་བཙོངས་པའི་དངུལ་འབོར་སྒོར་དུང་ཕྱུར་120ཟིན་ཡོད། ད་ཆ་གྱོན་ཆས་ཐོན་ལས་དེ་ས་གནས་དེ་གའི་མང་ཚོགས་ཀྱི་འབབ་ཁུངས་དང་གྲོང་གསེབ་དར་རྒྱས་ཀྱི་སྒུལ་ཤུགས་ཤིག་ཏུ་གྱུར་པ་མ་ཟད། སློབ་ཆེན་སློབ་མ་ཁྲི་2ལྷག་ཙམ་གྱི་ཡིད་དབང་འཕྲོག་ནས་ཕ་ཡུལ་དུ་ལས་ཞུགས་ལས་གཏོད་བྱེད་པར་སླེབས་ཡོད། འདི་ནི་ཚའོ་རྫོང་eཧྲང་གྲོང་རྡལ་ཆུང་ངུའི་གྲངས་འཛིན་དཔལ་འབྱོར་ཐོན་ལས་གླིང་དུ་མོ་ཐྲོལ་ཚོས་ཚའོ་རྫོང་གི་2025ལོའི་དབྱར་དཔྱིད་ཀྱི་གྱོན་ཆས་དཔེ་གསར་ཡོངས་བསྒྲགས་འདུ་ཚོགས་ཐོག་གྱོན་ཆས་ངོམ་སྟོན་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།