དབུ་ཤོག
  • རྒྱ་ཚ་རྫོང་ལྷ་མོའི་བླ་མཚོ་མཛེས་ལྗོངས་ཁུལ་གྱི་གཞུང་ལམ་བཀག་ནས་བཟོ་རྒྱུའི་སྐོར་གྱི་སྤྱི་བསྒྲགས།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2025-04-16

    རྒྱ་ཆེའི་སྤྱི་ཚོགས་ལས་རིགས་ཁག་གི་གྲོགས་པོ་ཚོར་ཞུ་རྒྱུར།

    རྒྱ་ཚ་རྫོང་ལྷ་མོའི་བླ་མཚོ་མཛེས་ལྗོངས་ཁུལ་གྱི་གཞུང་ལམ་ཆ་རྐྱེན་སྔར་བས་ལེགས་སུ་གཏོང་ཆེད། 2025ལོར་རྒྱ་ཚ་རྫོང་གིས་ལྷ་མོའི་བླ་མཚོ་མཛེས་ལྗོངས་ཁུལ་གྱི་གཞུང་ལམ་ལེགས་གཏོང་གི་ལས་གྲྭ་དོན་འཁྱོལ་བྱ་རྒྱུ་ཡིན། ཨར་སྐྲུན་བྱ་ཡུལ་དུ་ས་བབ་མཐོ་བ་དང་གངས་འབབ་ཡུན་རིང་བའི་དབང་གིས་ཨར་སྐྲུན་གྱི་ཆ་རྐྱེན་འཛོམས་པའི་དུས་ཡུན་ཐུང་ལ་དཀའ་ཚེགས་ཆེ་བར་བརྟེན། ལས་གྲྭའི་མྱུར་ཚད་མགྱོགས་སུ་གཏོང་བ་དང་ཡུལ་སྐོར་བའི་བདེ་འཇགས་ལ་འགན་ལེན་བྱ་ཆེད། 2025ལོའི་ཟླ་4ཚེས་21ཉིན་ནས་བཟུང་ལམ་རྦད་དེ་བཀག་ནས་བཟོ་རྒྱུ་ཡིན་པས་དེའི་རིང་འཁོར་རིགས་དང་ཡུལ་སྐོར་བ་འགྲོ་ཆོག་གི་མེད།

    མཛེས་ལྗོངས་ཁུལ་གྱི་ལམ་བཀག་པའི་དབང་གིས་སྐུ་ཉིད་ལ་སྟབས་མི་བདེ་བ་ཡོང་སྲིད་པས་དེ་དོན་དགོངས་འཇགས་འཚལ། སྐུ་ཉིད་ནས་བསམ་ཤེས་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་གི་ཡིན།

    ཆེད་དུ་སྤྱི་བསྒྲགས་འདི་སྤེལ།

    རྒྱ་ཚ་རྫོང་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་དང་རྒྱ་ཚ་རྫོང་སྤྱི་བདེ་ཅུས། རྒྱ་ཚ་རྫོང་རིག་གནས་དང་ཡུལ་སྐོར་ཅུས་བཅས་ནས།

    2025ལོའི་ཟླ་4ཚེས་14ཉིན།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།