དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་གི་ཐུན་མོང་ངོས་འཛིན་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས།

    དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོ་ཨང་བཅུ་པའི་སྐབས་སུ་བྲིས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2025-04-16

    ད་ལོ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བཏོན་གནང་ནས་ལོ་11འཁོར་བའི་ལོ་ཞིག་ཡིན་པ་དང་། ཟླ་4ཚེས་15ཉིན་ནི་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོ་ཨང་བཅུ་པ་དེ་རེད། ད་ལོའི་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་བརྗོད་དོན་གཙོ་བོ་ནི“དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོ་གཏིང་ཟབ་དང་ཏན་ཏིག་སྤེལ་བའི་ལོ་བཅུ”ཞེས་པ་དེ་རེད།

    རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་དོགས་ཡོད་ཀྱི་ཁུངས་སྣེ་ཤེས་རྟོགས་ཐུབ་ཚེ་ཇི་ལྟར་བྱེད་དགོས་སམ། རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱི་ཐེར་འདོན་བདག་སྤྲོད་ཀྱི་ཁ་པར་ཨང་གྲངས་ག་ཚོད་རེད་དམ་ཞེས་པ་སོགས་ཁྲིམས་སྐྱོང་དྲིལ་བསྒྲགས་བྱ་ཡུལ་ཁག་ཏུ་བོད་རང་སྐྱོང་ལྗོངས་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱི་ལས་བྱེད་ཉེན་རྟོག་པས་ཤེས་བྱ་སྒྲོག་འགྲེལ་དང་། ལན་འདེབས་རྨོངས་སེལ་སོགས་ཐབས་ལམ་སྣ་མང་བརྒྱུད་རྒྱ་ཆེའི་མང་ཚོགས་ལ་དམིགས་བསལ་གྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་སློབ་སྦྱོང་བྱེད་སྒོ་ཞིག་སྤེལ་ཡོད། ཉིན་ཤས་བསྟུད་མར། རང་སྐྱོང་ལྗོངས་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་དོན་དངོས་ལ་གཞི་ཚུགས་པ་དང་ཁྱད་ལྡན་ལེགས་ཆ་འདོན་སྤེལ་བྱས་ཏེ། གོ་བདེ་ཤེས་སླའི་གསལ་འགྲེལ་དང་། ཡིད་དབང་འགུག་པའི་རྒྱ་ཁྱབ་བརྡ་སྦྱོར། གསོན་ཉམས་དོད་པའི་གྱོད་དཔེ་བཅས་ལ་བརྟེན་ནས་སྤྱི་ཚོགས་ཡོངས་ཀྱི་ཚོགས་སྤྱི་མི་འདྲ་བར་དམིགས་ནས། ཕྱོགས་མང་པོ་དང་རིམ་པ་མང་པོའི་སྒོ་ནས་རྒྱལ་ཁབ་བདེ་འཇགས་ཀྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་ཏེ། སྤྱི་ཚོགས་ཡོངས་སུ་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོ་འཛུགས་པར་ཁྲིད་སྟོན་བྱེད་པ་དང་། དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་འདུ་ཤེས་དང་བྱང་ཚད་མཐོ་རུ་གཏོང་བ། རྒྱལ་ཁབ་ཀྱི་བདེ་འཇགས་མི་ཚང་མ་དང་འབྲེལ་བ་ཡོད་པའི་རྣམ་པ་ཟབ་མོ་གཏོད་པ་བཅས་བྱས་ཏེ། རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་གི་ཐུན་མོང་ངོས་འཛིན་དང་སྟོབས་ཤུགས་གཅིག་སྒྲིལ་བྱས་ཡོད།

    ཉེ་བའི་ལོ་ཤས་རིང་། བོད་རང་སྐྱོང་ལྗོངས་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས“རྒྱལ་ཁབ་ཀྱི་དོན་ཆེན”བློ་ལ་བརྟན་པོར་ངེས་ཏེ་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པའི་འགན་འཁྲི་དཔའ་ངར་ཆེན་པོས་ཕྲག་ཏུ་འཁུར་ནས་ཐོག་མཐའ་བར་གསུམ་དུ་ཏང་ཀྲུང་དབྱང་གི་འགོ་ཁྲིད་གཙང་བཙན་འོག་ལས་དོན་སྤེལ་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་སློབ་གལ་ཆེན་གྱི་དགོངས་དོན་ཁ་ཞེ་གཉིས་མེད་ཀྱི་སྒོ་ནས་ལག་བསྟར་བྱེད་པ་དང་། རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱི་བླ་ན་མེད་པའི་འགན་འཁྲི་དུས་དང་རྣམ་པ་ཀུན་ཏུ་བློ་ལ་བརྟན་པོར་ངེས་པ། “དོན་ཆེན་བཞི”ལ་དམིགས་པ་དང“འཛུགས་གཏོད་བཞི”ལ་ཤུགས་རྒྱག་པ། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་གི་ནུས་པ་དང་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ། མེས་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་སྲུང་སྐྱོང་གི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ། ནུས་ཤུགས་ཡོད་རྒུས་ཉེན་ཁ་སྔོན་འགོག་དང་། བདེ་འཇགས་སྲུང་སྐྱོང་། བརྟན་ལྷིང་སྲུང་སྐྱོང་། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་པ། ཏང་དང་མི་དམངས་ཀྱི་དཔའ་མཛངས་རྟུལ་ཕོད་ཀྱི་སྲུང་དམག་བཅས་བྱས་ཏེ་ཏང་གི་སྲིད་སྐྱོང་གནས་བབ་སྲ་བརྟན་དུ་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་ཀྱི་སྲིད་དབང་སྲུང་སྐྱོང་བྱེད་པ། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་ཀྱི་ཆབ་སྲིད་བརྟན་ལྷིང་སྲུང་སྐྱོང་བཅས་ལ་སྟོབས་ཤུགས་ཡོད་རྒུ་སྐྱེས་སུ་ཕུལ་ནས་ཏང་དང་མི་དམངས་ལ་བློ་ཡིད་ཚིམས་པའི་རྒྱུགས་ལན་ཞིག་ཕུལ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།