དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ལྗོངས་ཀྱིས་རྒྱལ་ཁབ་བདེ་འཇགས་ཤེས་བྱ“གསར་གསུམ”ཁྱབ་ཁོངས་སུ་དྲིལ་བསྒྲགས་བྱེད་པའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-04-16

    ཉེ་ཆར་རང་ལྗོངས་ཀྱིས་རྒྱལ་ཁབ་བདེ་འཇགས་ཤེས་བྱ“གསར་གསུམ”ཁྱབ་ཁོངས་སུ་དྲིལ་བསྒྲགས་བྱེད་པར་བསྐྱོད་པའི་མཛད་སྒོ་འཚོགས་པའི་དམིགས་ཡུལ་ནི་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་བཏང་སྟེ“རྒྱལ་ཁབ་བདེ་འཇགས་ཡོང་བར་མི་ཚང་མར་འགན་འཁྲི་ཡོད་པ་དང་མི་ཚང་མས་རང་འགན་གཙང་སྒྲུབ”བྱེད་པའི་སྤྱི་ཚོགས་ཀྱི་རྣམ་པ་ཟབ་མོ་ཞིག་སྔར་བས་གཏོད་ཆེད་ཡིན་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་4ཚེས་11ཉིན་ནས་བཟུང་མྱུར་སྐྱེལ་ཀུང་སི་8ལས་གྲུབ་པའི“རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱི་ཐེར་འདོན་བདག་སྤྲོད་ཁ་པར་12339”དང“རྒྱལ་ཁབ་བདེ་འཇགས་མ་ལག་དང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ”སོགས་ཀྱི་བརྗོད་དོན་གཙོ་བོའི་སྦྱར་ཡིག་དང་བརྡ་སྦྱོར་སྦྱར་བའི་མྱུར་སྐྱེལ་རླངས་འཁོར་88ཉིན་ལྟར་ལྷ་ས་གྲོང་ཁྱེར་གྱི་ཁྲོམ་གཞུང་ཆེ་ཆུང་གང་སར་བསྐྱོད་ནས། རྒྱལ་ཁབ་ཀྱི་བདེ་འཇགས་སྐོར་དྲིལ་བསྒྲགས་བྱས་ཏེ་གྲོང་མི་མང་ཚོགས་ཚོས་དེའི་ཁྲོད་ནས་རྒྱལ་ཁབ་བདེ་འཇགས་ཀྱི་སློབ་གསོ་དང་ལེན་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་དང་བྱང་ཚད་མཐོ་རུ་བཏང་ཡོད།

    ཟླ་4ཚེས་15ཉིན་ནི་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོ་ཨང་བཅུ་པ་དེ་ཡིན་པ་དང་། ད་ལོའི་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོའི་བརྗོད་དོན་གཙོ་བོ་ནི“དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོ་གཏིང་ཟབ་དང་ཏན་ཏིག་སྤེལ་བའི་ལོ་བཅུ”ཞེས་པ་དེ་རེད། གོམས་སྟབས་རྗེས་མར་མྱུར་སྐྱེལ་པ་དང་། དྲ་འབོད་གླ་འཁོར་གྱི་ཁ་ལོ་བ། མངག་ཚོང་སྐྱེལ་མཁན་སོགས་གསར་དར་ལས་ཞུགས་ཚོགས་སྤྱིར་རྒྱལ་ཁབ་བདེ་འཇགས་སློབ་གསོ་དང་གསང་མྱུལ་ལ་རྒོལ་བའི་གྱོད་དཔེ་དྲིལ་བསྒྲགས་བྱེད་པ་ཕུད། རང་ལྗོངས་ཀྱིས་ད་དུང་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱི་བྱ་སྤྱོད་དང་། སློབ་གྲྭའི་བྱ་སྤྱོད། མཐའ་མཚམས་བྱ་སྤྱོད་སོགས་བྱེད་སྒོ་རབ་དང་རིམ་པ་སྤེལ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།