རྒྱལ་ཁབ་གློག་དྲ་སྣ་དཀར་རྩེ་རྫོང་གློག་འདོན་ཀུང་སིས“ཁྱིམ་ཚང་ཁྲི་སྟོང་མང་པོར་གློག་འཁྲིད་དེ་ལྷག་བསམ་རྣམ་དག་གིས་ཞབས་འདེགས་ཞུ་བའི”བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།
ཉེ་ཆར་རྒྱལ་ཁབ་གློག་དྲ་སྣ་དཀར་རྩེ་རྫོང་གློག་འདོན་ཀུང་སིའི་ཏང་ཀྲི་པུའུ་ཡིས་སྟག་ལུང་གྲོང་རྡལ་གླིང་གཞི་སྡེ་ཁུལ་གྱི་ཏང་སྤྱི་ཁྱབ་ཀྲི་པུའུ་དང་མཉམ་དུ“ཁྱིམ་ཚང་ཁྲི་སྟོང་མང་པོར་གློག་འཁྲིད་དེ་ལྷག་བསམ་རྣམ་དག་གིས་ཞབས་འདེགས་ཞུ་བའི”བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད། ངོ་འཕྲད་གདོང་ཐུག་གི་ཞབས་ཞུ་དང་འབྲེལ་གཏུག་དམ་ཟབ་བྱས་པ་བརྒྱུད་མང་ཚོགས་ཀྱི་གློག་སྤྱོད་པའི་གནད་དོན་སྣ་ཚོགས་ཐག་གཅོད་བྱས་པ་རེད།
རྒྱལ་ཁབ་གློག་དྲ་སྣ་དཀར་རྩེ་རྫོང་གློག་འདོན་ཀུང་སིའི་ཏང་ཡོན་ཞབས་ཞུའི་རུ་ཁག་དང་སྡེ་ཁུལ་གྱི་ལས་དོན་པས་ཐུན་མོང་ཐོག་བློ་འདྲིའི་ཞབས་ཞུའི་ལས་སྟེགས་བཙུགས་ཏེ། གྲོང་མིས་བཏོན་པའི་གློག་སྤྱོད་གནད་དོན་ལ་དམིགས་ནས་ངང་རྒྱུད་རིང་པོས་འགྲེལ་བཤད་བརྒྱབ་པ་དང་འབྲེལ་ས་གནས་ས་ཐོག་ཏུ“དྲ་ཐོག་རྒྱལ་ཁབ་གློག་དྲའི”APPསྤྱོད་སྟངས་གསལ་སྟོན་བྱས་ཏེ་གྲོང་མིར་དྲ་ཐོག་ནས་གློག་སྤྱོད་ལས་སྒོ་གཉེར་བར་ཁྲིད་སྟོན་བྱས་པ་རེད།
བྱེད་སྒོ་སྤེལ་རིང་ཏང་ཡོན་ཞབས་ཞུའི་རུ་ཁག་སྡེ་ཁུལ་གྱི་ཁེར་སྡོད་རྒན་རྒོན་དང་དཀའ་ངལ་ཡོད་པའི་ཁྱིམ་ཚང་སོགས་དམིགས་བསལ་ཚོགས་སྤྱིའི་ཁྱིམ་དུ་བསྐྱོད་དེ་གློག་སྤྱོད་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱས་ནས་གློག་སྐུད་རྙིང་པ་དང་། གློག་སྒོ གློག་འཛུགས་བཅས་བརྗེས་ཏེ་གློག་སྤྱོད་ཀྱི་ཉེན་ཁ་བསལ་བ་རེད།