དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་རང་སྐྱོང་ལྗོངས་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གི་དང་བླངས་ཞབས་ཞུའི་ལས་དོན་ཁག་གཉིས“རང་སྐྱོང་ལྗོངས་ཀྱི་ཞབས་ཞུ་ཡག་ཤོས་ཀྱི་རྣམ་གྲངས”ལ་བདམས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-04-16

    ཉེ་ཆར། འཕྲིན་གཏོང་པར་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། རང་སྐྱོང་ལྗོངས་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གི“གངས་ལྗོངས་ཀྱི་མེ་ཟོན་རུ་མིའི་ཞབས་ཞུའི་ས་ཚིགས”དང་། གཞིས་རྩེ་གྲོང་ཁྱེར་བཀྲ་ཤིས་ལྷུན་པོ་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱི“ཁྲེག་ཁུར་ལས་སྒྲུབ”དང་བླངས་ཞབས་ཞུའི་རྣམ་གྲངས“རང་སྐྱོང་ལྗོངས་ཀྱི་ཞབས་ཞུ་ཡག་ཤོས་ཀྱི་རྣམ་གྲངས”ལ་བདམས་པ་རེད།

    རང་སྐྱོང་ལྗོངས་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གི“གངས་ལྗོངས་ཀྱི་མེ་ཟོན་རུ་མིའི་ཞབས་ཞུའི་ས་ཚིགས”སྟེ།

    ལྗོངས་ཡོངས་ཀྱི་མེ་ཟོན་རོགས་སྐྱོབ་རུ་ཁག་གིས“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པ”འགོ་འཛུགས་སར་བྱེད་པ་དང་ཕོ་བྲང་པོ་ཏ་ལ་དང་ནོར་བུ་གླིང་ཁ་སོགས་འཛམ་གླིང་རིག་གནས་ཤུལ་བཞག་ལས་དོན་སྒྲུབ་ས་གཙོ་བོར་བྱས་ཏེ། མེ་ཟོན་རོགས་སྐྱོབ་མི་སྣ་སྐུལ་སློང་གིས་ཐོག་མཐའ་བར་གསུམ་དུ་བདག་པོའི་རྣམ་འགྱུར་ཐོག་ནས་དགོན་སྡེའི་རིག་དངོས་དང་གནའ་བོའི་སྐྲུན་དངོས་ཀྱི་དོ་དམ་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་ཏེ། དགེ་འདུན་པ་དང་མང་ཚོགས་ལ་རང་འགུལ་ངང་འབྲེལ་གཏུག་བྱས་ནས“ཕན་ཚུན་རོགས་རམ་དང་། རོགས་རེས། བསླབ་རེས”བཅས་ཀྱི་བྱེད་སྒོ་ཏན་ཏིག་སྤེལ་ཏེ་བློ་གཅིག་སེམས་གཅིག་གིས་དཀའ་གནད་སེལ་བ་དང་བྱ་བ་དངོས་བསྒྲུབས་པས། མེ་ཟོན་རོགས་སྐྱོབ་ལས་དོན་ལ་དགེ་འདུན་པ་དང་མང་ཚོགས་ཀྱི་བསམ་ཤེས་དང་བརྩི་འཇོག་ཐོབ་ཡོད། རིམ་ཁག་དཔུང་ཁག་གིས་གཞོན་ནུའི་དང་བླངས་ཞབས་ཞུའི་རུ་ཁག་12དང་ཏང་ཡོན་གྱི་གདོང་ལེན་ལས་གནས་36བཙུགས་པ། དུས་བཀག་ལྟར“གཅེས་སེམས་ཞབས་ཞུའི་ས་ཚིགས”བཙུགས་པ་བཅས་བྱས་ནས་འགྲོ་འོང་བྱེད་མཁན་མང་ཚོགས་དང་ཡུལ་སྐོར་བར་འཐུང་ཆུ་དང་། གསོ་རླུང་། སྨན་བཅོས་ཁུག་མ། ངལ་གསོ་རྒྱག་སའི་རྐུབ་སྟེགས་སོགས་ཀྱི་ཞབས་འདེགས་ཞུས་པ་དང་། དྲིལ་བསྒྲགས་དཔྱད་ཡིག་བཀྲམ་པ། དོགས་གནད་དང་དཀའ་གནད་ལ་ལན་འདེབས་པ། རང་སྐྱོབ་ཀྱི་རྒྱུན་ཤེས་སོགས་མེ་ཟོན་བདེ་འཇགས་ཀྱི་ཤེས་བྱ་སློབ་པ། ས་མཐོར་གསོ་རླུང་མི་འདང་བ་དང་། ཅ་དངོས་བརླག་པ། ལམ་ནོར་ཐེབས་པ་བཅས་ཀྱི་ཡུལ་སྐོར་བར་རང་འགུལ་ངང་རོགས་རམ་བྱས་པ་དང་། ནད་གཞི་ཚབས་ཆེན་ཕོག་པའི་ཡུལ་སྐོར་བ་མི་ཐེངས་310ལྷག་ཙམ་རོགས་སྐྱོབ་བྱས་པ། སྤྱི་ཚོགས་ལ་རང་འགུལ་ངང་ཞལ་འདེབས་སྒོར་ཁྲི་60ལྷག་ཙམ་བརྒྱབ་པ་བཅས་བྱས་ནས“གངས་ལྗོངས་ཀྱི་མེ་ཟོན་རུ་མིའི”གཟུགས་བརྙན་བཟང་པོ་མངོན་པར་བྱས་ཡོད།

    གཞིས་རྩེ་གྲོང་ཁྱེར་བཀྲ་ཤིས་ལྷུན་པོ་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱི“ཁྲེག་ཁུར་ལས་སྒྲུབ”དང་བླངས་ཞབས་ཞུའི་རྣམ་གྲངས་སྟེ།

    གཞིས་རྩེ་གྲོང་ཁྱེར་བཀྲ་ཤིས་ལྷུན་པོ་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱིས་དམངས་འཚོའི་དགོས་མཁོར་དམིགས་ནས“ཁྲེག་ཁུར་ལས་སྒྲུབ”ཡན་ལག་རུ་ཁག་སྒྲིག་འཛུགས་བྱས་ཏེ་ལྷ་ཁང་དང་གྲྭ་ཤག་ཏུ་བསྐྱོད་པ་དང་འོས་འགན་ངང་རྩྭ་ངན་བཀོག་པ་དང་ཆུ་གཏོང་བ། མེ་ཟོན་ཤེས་བྱའི་འཆད་ཁྲིད། འཚམས་འདྲི་བྱེད་པ་སོགས་འཚོ་བའི་དགོས་མཁོ་དངོས་དང་འབྲེལ་བ་དམ་ཟབ་ཡོད་པའི་བྱེད་སྒོ་སྤེལ་བ་རེད། གཅེས་སྐྱོང་རོགས་སྐྱོར་ལ་དམིགས་ཏེ་དོ་དམ་ཨུ་ཡོན་ལྷན་ཁང་དང་མངགས་གཏོང་ཁང་དང་མཉམ་དུ་གཙོ་གནད་ཚོགས་སྤྱིར“གཅེས་སྐྱོང་རོགས་སྐྱོར་གྱི་བྱེད་སྒོ་རབ་དང་རིམ་པ”སྤེལ་བ་རེད། གཅེས་སེམས་སློབ་སྐྱོར་དང་འཚམས་འདྲི་རོགས་སྐྱོར་སོགས་བརྗོད་དོན་གཙོ་བོའི་བྱེད་སྒོ་ཐེངས་12སྒྲིག་འཛུགས་བྱས་པ་དང་ལེ་ཧྥུང་ལ་སློབ་སྦྱོང་བྱེད་པའི་བྱེད་སྒོའི་སྒྲོག་འགྲེལ་དང་། འོས་འགན་ངལ་རྩོལ་ཞབས་ཞུ། དགོན་པའི་དགེ་འདུན་པ་འགྲེས་སོང་ལ་འཚམས་འདྲི། མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བ་སོགས་ཀྱི་ལག་ལེན་བྱེད་སྒོ་ཐེངས་30ལྷག་ཙམ་སྤེལ་བ་རེད། བདེ་སྐྱིད་མཐོར་གཏོང་ལ་དམིགས་ནས“དྲིལ་བསྒྲགས་ཞབས་ཞུས་མི་སེམས་དྲོ་བར་བྱེད། ཤེས་རིག་སློབ་ཚན་གྱིས་བདེ་འཇགས་ལ་རམ་འདེགས་བྱེད་པའི”སློབ་ཚན་རབ་དང་རིམ་པ་འཚོག་པ་དང་། དྲིལ་བསྒྲགས་སློབ་གསོའི་གཞི་རྟེན་གསར་པ་དང་རྣམ་པ་གསར་པ་རྒྱ་སྐྱེད་བཏང་སྟེ། “མེ་ཟོན་ཤེས་བྱ་དགོན་སྡེར་ཁྱབ་གདལ་གཏོང་བའི”བརྗོད་དོན་གཙོ་བོའི་བྱེད་སྒོ་ཐེངས་40ལྷག་ཙམ་སྤེལ་བ་དང་། རིག་དངོས་དང་གནའ་བོའི་སྐྲུན་དངོས་ཀྱི་དྲིལ་བསྒྲགས་ལག་དེབ་5000ལྷག་ཙམ་དང་དྲན་རྟེན་དངོས་པོ་300ལྷག་ཙམ་སྤྲད་དེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་མི་དམངས་མང་ཚོགས་ཀྱི་རེ་སྒུག་གསར་པ་མངོན་འགྱུར་ཡོང་བ་བྱས་པ་རེད།

    གཞིས་རྩེ་གྲོང་ཁྱེར་བཀྲ་ཤིས་ལྷུན་པོ་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱིས་ལས་སྒྲུབ་ཁྲེག་ཁུར་གྱི་སྟབས་བདེ་དང་ནུས་ཆེའི་ཁྱད་ཆོས་བེད་སྤྱོད་དང“ཁྲེག་ཁུར་ལས་སྒྲུབ”ཡན་ལག་ཚོགས་ཆུང་གིས་མེ་གསོད་ཡོ་ཆས་ཆུང་ངུ་དང་། རྒྱུན་སྤྱོད་སྨན་རྫས། མེ་ཟོན་དྲིལ་བསྒྲགས་དཔྱད་གཞི་སོགས་ཁྱེར་ནས་དགེ་འདུན་པ་དང་མང་ཚོགས་ཀྱི་དགོས་མཁོར་གཞིགས་ཏེ་རྒྱ་ཆེའི་མང་ཚོགས་ལ་དྲོ་སྐྱིད་སྦྱིན་ཡོད། ལྷ་ཁང་དང་གྲྭ་ཤག་ཚང་མའི་གཞི་རྩའི་གནས་ཚུལ་དང་། རྒྱ་ཆེའི་མང་ཚོགས་དང་ཡུལ་སྐོར་བའི་དགོས་མཁོ་དངོས་ཉིན་ཐོའི་ནང་བཀོད་དེ་མང་ཚོགས་ཀྱི་སེམས་ཁྲལ་བྱེད་པའི་གནད་དོན་རེ་རེ་བཞིན་ཐག་གཅོད་བྱས་ཡོད། དགོན་སྡེའི་མེ་ཟོན་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཕྱོགས་ཡོངས་ནས་གྲལ་བཤེར་དང་དེར་དབྱེ་ཞིབ་བྱས་ཏེ་དོ་དམ་ཨུ་ལྷན་གྱིས་མེ་ཟོན་བདེ་འཇགས་ཀྱི་དོ་དམ་ལམ་ལུགས་ཁག་11དང་། མེ་ཟོན་བདེ་འཇགས་ཀྱི་འགན་འཁྲི་ཁག་7 རིགས་ཁག་གི་རྩིས་ཁྲའི་ཐོ་འགོད་རེའུ་མིག་ཁག་10བཅས་བཟོ་བར་སྐུལ་འདེད་བཏང་བས་མེ་ཟོན་སྒྲིག་ཆས་སྤྱི་ཡོངས་ལ་ཁྱབ་ཐུབ་པ་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།