དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • བོད་སྐྱོར་གྱི་ཐོག་མའི་བསམ་འདུན་ལྷ་སའི་རི་ཆུ་ཀླུང་གསུམ་ཁྲོད་ནས་མངོན།

    ཅང་སུའུ་ཡི་རིག་གནས་ཡུལ་སྐོར་གྱི་བོད་སྐྱོར་སྐོར་རགས་ཙམ་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-04-16

    ད་ཕན་ལོ་ཤས་རིང་། ཅང་སུའུ་བོད་སྐྱོར་མདུན་ཕྱོགས་བཀོད་འདོམས་པུའུ་ཡིས་ཇུས་འགོད་གསར་གཏོད་བྱས་ནས་རིག་གནས་བོད་སྐྱོར་གྱི་རྣམ་གྲངས་རབ་དང་རིམ་པ་ལག་བསྟར་བྱས་ཤིང་། མ་དངུལ་འབོར་ཆེན་བཏང་ནས་བསྐྲུན་པའི་བྲག་ཡེར་པའི་རིག་གནས་ཡུལ་སྐོར་མཛེས་ལྗོངས་ཁུལ་ཡིན་ནའང་འདྲ། ཡང་ན་ཅང་སུའུ་དང་ལྷ་སས་མཉམ་དུ་གསར་རྩོམ་བྱས་པའི་རོལ་དབྱངས་གློག་བརྙན《ནམ་མཁའ·ཕུགས་འདུན》གང་ཞིག་ཡིན་རུང་། རིག་གནས་བོད་སྐྱོར་རྣམ་གྲངས་ཚང་མ་ལས་ཅང་སུའུ་དང་བོད་ལྗོངས་དབར་གྱི་བརྩེ་བ་ཟབ་མོ་མངོན་འོང་།

    སྒོ་དབྱེའི་མདུན་ཕྱོགས་སུ་སྐྱོད་པའི་ཅང་སུའུ་ཞིང་ཆེན་གྱིས་ལོ་མང་འཚོལ་ཞིབ་བྱས་རྗེས་རྩ་ཆེའི་ཉམས་མྱོང་མང་པོ་བསགས་ཡོད་ཅིང་། ཅང་སུའུ་ཡི་བོད་སྐྱོར་ལས་བྱེད་པ་ཁག་དང་ཁག་གིས་ལེ་དབར་སྟོང་གིས་ཆོད་པའི་རི་ཆུ་ཀླུང་གསུམ་བརྒལ་བ་དང་ལོ་30ལྷག་ཙམ་གྱི་དུས་ཚོད་བརྒྱུད། ལྷ་སའི་འཕེལ་རྒྱས་ཀྱི་ཇུས་ཆེན་གཅིག་རྗེས་གཉིས་མཐུད་ངང་བཀོད་ཡོད། གཟི་བྱིན་བླ་མཚོ་དང་། རུ་ཐོག་ཆུ་ཚན། དག་པའི་དམངས་སྲོལ་གྲོང་ཚོ། སྲོང་བཙན་གྱི་ཕ་ཡུལ་སོགས་ཡུལ་སྐོར་མཛེས་ལྗོངས་ཁུལ་གསར་སྤེལ་བྱས་པ་མ་ཟད། ལྷ་སར་ལས་རྣམ་ཆ་ཚང་བའི་ཐོན་སྐྱེད་བརྒྱུད་རིམ་ཞིག་ཀྱང་ཆགས་པར་བྱས་ཡོད།

    སྟག་རྩེ་ཆུས་ཀྱི་གླིང་ག་ནི་རིག་གནས་དང་ཡུལ་སྐོར་འཕེལ་རྒྱས་ཀྱི་དཔེ་མཚོན་ཞིག་ཡིན། ད་ཕན་ལོ་ཤས་རིང་། ཅང་སུའུ་ཡི་བོད་སྐྱོར་ལས་བྱེད་པའི་རོགས་རམ་འོག་སྟག་རྩེ་ཆུས་ཀྱིས་ལྷ་སའི་ས་ཁམས་ཀྱི་ལེགས་ཆ་དང་ནགས་ཚལ་སྟུག་པ་དང་རི་ཆུའི་ཐོན་ཁུངས་གང་ལེགས་སྤྱད་དེ། གྲོང་གསེབ་ཀྱི་ཡུལ་སྐོར་དང་། སྐྱེ་ཁམས་ཡུལ་སྐོར། བཟོ་ལས་ཡུལ་སྐོར་བཅས་ནུས་ཤུགས་ཡོད་རྒུས་འཕེལ་རྒྱས་བཏང་བས། ལྷ་སའི“མེ་ཏོག་ལྡུམ་ར་རྒྱབ་མར”འགྱུར་བ་བྱས་ཡོད།

    གནད་སྨིན་བྱེད་ཐབས་སྤྱད་པ་བརྒྱུད། ལྷ་ས་གྲོང་ཁྱེར་གྱི་རྫོང་དང་ཆུས་གཞན་ལའང་ཅང་སུའུ་ཞིང་ཆེན་གྱིས་བྱེད་ཐབས་ཧུར་ཐག་བཏོན་ཞིང་། ལྷ་སའི་གྲོང་ཁུལ་ནས་རླངས་འཁོར་བསྡད་དེ་བྱང་ཕྱོགས་སུ་བསྐྱོད་ཚེ། “རང་བྱུང་གི་ས་རྒྱུ་གཤིན་པོ”ཞེས་མཚན་སྙན་གྲགས་པའི་ལྷུན་གྲུབ་རྫོང་དུ་འབྱོར་ཞིང་། ས་བཟུང་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་3.6ཟིན་པའི་ལྷུན་གྲུབ་ཞིང་ར་མིག་མདུན་དུ་ཝ་ལེར་མངོན།

    2017ལོར་ཅང་སུའུ་ཞིང་ཆེན་གྱིས“སྔར་ཡོད་ཇི་བཞིན་ཉམས་གསོའི”རྩ་དོན་གཞིར་བཟུང་། བོད་སྐྱོར་མ་དངུལ་སྒོར་ཁྲི་1500ལྷག་ཙམ་བཏང་ནས་ཞིང་རའི་ཚོགས་ཁང་དང་ས་ཕུག་ཁག་གཅིག་ལ་སྲ་བརྟན་ཉམས་གསོའམ་ཡང་ན་བསྐྱར་སྐྲུན་བྱས་ཡོད། དེ་དང་ཆབས་ཅིག་དེ་སྔའི་ཤང་འཕྲོད་བསྟེན་ཁང་དེ་ཞབས་ཞུའི་ལྟེ་གནས་སུ་སྒྱུར་བཀོད་བྱས་པ་མ་ཟད། རིག་གནས་ཐང་ཆེན་དང་། ཟ་ཁང་། འགྲོ་ལམ། རླངས་འཁོར་འཇོག་ས་སོགས་ཀྱི་སྒྲིག་བཀོད་ཆ་ཚང་གསར་སྐྲུན་ཡང་བྱས་ཡོད།

    གྲུབ་འབྲས་དེ་དག་ཚང་མ་ཅང་སུའུ་ཡི་བོད་སྐྱོར་ལས་བྱེད་པ་ཁག་རེ་རེའི་འབད་བརྩོན་དང་ཁ་འབྲལ་ཐབས་མེད། བློ་རིག་བོད་སྐྱོར་ལས་དོན་དང་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་གཏོང་བར་སྐུལ་འདེད་གཏོང་ཆེད། གྲངས་གཞི་ལས་མངོན་པར། 2024ལོར་ཅང་སུའུ་ཞིང་ཆེན་གྱིས་མ་དངུལ་དང་དགེ་རྒན་གྱི་སྟོབས་ཤུགས་ལ་བརྟེན་ནས་གཅིག་སྡུད་དཔེ་ཁྲིད་དང་། ལས་ཐོག་སྦྱོང་བརྡར། བོད་ལ་སློབ་གསོ་ཁྱབ་གདལ་གཏོང་བ་སོགས་ཀྱི་བྱ་ཐབས་ལ་བརྟེན་ནས་རིག་གནས་ཡུལ་སྐོར་ལས་རིགས་ཀྱི་རྐང་འཛིན་པ་160གསོ་སྦྱོང་བྱས་ཏེ། ལྷ་སའི་རིག་གནས་ཡུལ་སྐོར་ལས་རིགས་ལ་ནམ་ཡང་གནས་ཐུབ་པའི་ཤེས་ལྡན་པའི་དཔུང་ཁག་ཅིག་བཏོད་ཡོད།

    རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གཏོང་བར་སྐད་གྲགས་ཆོད་ཚད་དེ་བས་ཆེ་རུ་གཏོང་དགོས། ཡུལ་སྐོར་བའི་ཡིད་དབང་འགུག་ཆེད། ཅང་སུའུ་བོད་སྐྱོར་མདུན་ཕྱོགས་བཀོད་འདོམས་པུའུ་ཡིས་རང་འགུལ་ངང་ལྷ་སའི་མཛེས་ཤིང་ཡིད་དུ་འོང་བའི་རི་ཆུ་དག་འོས་སྦྱོར་བྱས་ཡོད།

    ལྷ་སར་ཅང་སུའུ་བོད་སྐྱོར་མདུན་ཕྱོགས་བཀོད་འདོམས་པུས་ད་དུང་ཞོ་སྟོན་རིང་གི་ཡུལ་སྐོར་འོས་སྦྱོར་དང“མི་ཁྲི་བོད་དུ་སྐྱོད། སྟག་རྩེར་མཉམ་དུ་འཛོམས”ཞེས་པ་སོགས་ཀྱི་བྱེད་སྒོ་སྤེལ་བ་མ་ཟད། “དག་པའི་གནས་མཆོག་ལྷ་ས”ཞེས་པ་སོགས་ཀྱི་གྲངས་འཛིན་ཡུལ་སྐོར་གཱ་སྤྲད་པ་དང་ཡུལ་སྐོར་བས་གཱ་དེ་འཁྱེར་ནས་རིན་མི་དགོས་པར་གནམ་མཚོ་དང་། གཟི་བྱིན་བླ་མཚོ། ནོར་བུ་གླིང་ཁ། ཁར་དམར་ཆུ་ཚན་སོགས་མཛེས་ལྗོངས་ཁུལ་ལ་མྱོང་རོལ་བྱེད་ཆོག

    “རིག་གནས་ལ་བརྟེན་ནས་བོད་འཕེལ་རྒྱས་གཏོང་བ་དང་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་བྱེད་སྒོ་འབུར་དུ་ཐོན་པ་བྱ་ཆེད། 2024ལོར་ཅང་སུའུ་ཞིང་ཆེན་གྱིས་ལྷ་ས་གྲོང་ཁྱེར་དཔེ་མཛོད་ཁང་ལ་རིན་ཐང་སྒོར་ཁྲི་500རི་བའི་དཔེ་དེབ་ཁྲི་10ཞལ་འདེབས་བརྒྱབ་པ་མ་ཟད། ཅང་སུའུ་ཡི་ཁེ་ལས་སྒྲིག་འཛུགས་བྱས་ནས་ལྷ་སར་རིག་གནས་ཡུལ་སྐོར་དང་ཚན་རིག་སློབ་གསོའི་ཞལ་འདེབས་བྱེད་སྒོ་སྤེལ་བ་དང་། ལུས་རྩལ་ཐང་གཅིག་དང་། གྲངས་གཞིའི་བརྙན་བཤེལ་ཆེན་པོ་གཅིག དཔེ་དེབ་400 རོལ་ཆ་སྣ་ཚོགས་བཅུ་བཅས་ཞལ་འདེབས་བརྒྱབ་པ་དེ་དག་གི་རིན་ཐང་སྒོར་ཁྲི་30ཟིན་གྱི་ཡོད”ཅེས་ཅང་སུའུ་བོད་སྐྱོར་བཀོད་འདོམས་པུའི་འབྲེལ་ཡོད་འགན་འཁུར་བས་བཤད།

    ཅང་སུའུ་ཞིང་ཆེན་གྱིས་གངས་ལྗོངས་ས་མཐོའི་དོན་དངོས་ལ་གཞི་ཚུགས་པ་དང་ཅང་སུའུ་ཡི་ལེགས་ཆ་འདོན་སྤེལ་བྱས་ཏེ་རྨང་གཞི་འདིང་བ་དང་ཕུགས་ལ་ཕན་པར་དམིཌ་ནས། “ཚན་རིག་དང་མཐུན་པའི་བོད་སྐྱོར་དང་། བརྩེ་སེམས་མཚོན་པའི་བོད་སྐྱོར། རྒྱུན་མཐུད་བོད་སྐྱོར”བཅས་ཀྱི་འདུ་ཤེས་ཐོག་ནས་ཁ་གཏད་རོགས་སྐྱོར་ལས་དོན་ཡག་པོ་སྤེལ་ཡོད།

    2024ལོར་ཅང་སུའུ་ཞིང་ཆེན་གྱིས་ལྷ་ས་ནས་ཅང་སུའུ་རུ་བསྐྱོད་དེ་མི་བཟོས་གཙང་པོའི་རིག་གནས་ཡུལ་སྐོར་འགྲེམས་ཚོགས་སྐབས་དྲུག་པར་ཞུགས་པའི་འགྲོ་སོང་ཚང་མ་བཏང་བ་མ་ཟད། ཅང་སུའུ་རིག་གནས་ཡུལ་སྐོར་གྱི་གྲངས་འཛིན་ཅན་ལག་རྩལ་གྱི་ལེགས་ཆར་བརྟེན་ནས་གསར་སྤེལ་བྱས་པའི་གྲངས་འཛིན་ཡུལ་སྐོར་གཱ་དང་སློབ་ཆེན་སློབ་མའི་ཡུལ་སྐོར་གཱ་ལ་རྒྱལ་ཡོངས་ཀྱི་སློབ་ཆེན་སློབ་མའི་ཡུལ་སྐོར་བའི་ཚད་མཐོའི་དོ་ཁུར་དང་དགའ་བསུ་ཐོབ་ནས་ལྷ་སའི་རིག་གནས་ཡུལ་སྐོར་གྱི་སྤྱི་རྟགས་ལ་ཧྥེན་སི་ཁྲི་བཅུ་ཙམ་མང་དུ་ཕྱིན་ཡོད། དེས་མ་ཚད་ད་དུང་། “ཅང་སུའུ་བ་ལྷ་སར་ཡུལ་སྐོར་བྱེད་པའི”ཡུལ་སྐོར་བའི་ཡོང་ཁུངས་ནས་བོད་ལ་རོགས་སྐྱོར་བྱེད་པའི་བྱ་སྤྱོད་སྤེལ་ཏེ་ལོ་ཧྲིལ་པོར་ཅང་སུའུ་ཡི་ཡུལ་སྐོར་བ་ཁྲི་1ལྷག་ཙམ་ལྷ་སར་ཡུལ་སྐོར་ལ་སླེབས་ཡོད།

    ཅང་སུའུ་བོད་སྐྱོར་མདུན་ཕྱོགས་བཀོད་འདོམས་པུའི་འབྲེལ་ཡོད་འགན་འཁུར་བས། 2025ལོ་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བའི་ལོ་ཞིག་ཡིན་པས། ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་གཏོང་བ་དང་། སྒྲུབ་པ་གཙོ་བོར་བཟུང་བ་མཐའ་འཁྱོངས། ས་གནས་གཉིས་ཀྱི་ལེགས་ཆ་གསབ་རེས་ཀྱིས་ལེའུ་ཡག་པོ་རྩོམ་པ་བཅས་བྱས་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་ཧུར་ཐག་བྱེད་ཀྱི་ཡིན་ཞེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།