དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱི་རིག་གནས་དང་ཡུལ་སྐོར་གྱི་འཛད་སྤྱོད་འཛིན་ཤོག་སྤྲོད་འགོ་ཚུགས་པ།

    མཐོ་ཤོས་ལ་སྒོར་1500འཕྲལ་མར་གཅོག་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-04-16

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཟླ་4ཚེས་12ཉིན་གྱི་ཆུ་ཚོད་10པ་ནས་བཟུང་2025ལོའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་དང་ཡུལ་སྐོར་གྱི་འཛད་སྤྱོད་འཛིན་ཤོག་སྤྲོད་འགོ་ཚུགས་ཤིང་། མཐོ་ཤོས་ལ་སྒོར་1500ཡི་གཟིགས་སྐྱོང་ལོངས་སུ་སྤྱོད་ཆོག་གི་ཡོད་པ་རེད།

    གསར་འགོད་པས་མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་ནས་ཤེས་རྟོགས་བྱས་པར་གཞིགས་ན། མཚོ་སྔོན་ཞིང་ཆེན་གྱི་2025ལོའི་རིག་གནས་དང་ཡུལ་སྐོར་གྱི་འཛད་སྤྱོད་སྐུལ་འདེད་འཛིན་ཤོག་སྤྲོད་ཐེངས་དང་པོའི་དུས་ཚོད་ནི་2025ལོའི་ཟླ་4ཚེས་12ཉིན་གྱི་ཆུ་ཚོད་10:00ནས་ཟླ་5ཚེས་31ཉིན་གྱི་ཆུ་ཚོད་23:59:59བར་ཡིན་པ་རེད། མཚོ་སྔོན་གྱི་མཛེས་ལྗོངས་ཁུལ་གྱི་སྤ་སེའི་ཐོན་རྫས་ཐད། མངགས་ཐོའི་དངུལ་གྲངས་ཀྱི་བརྒྱ་ཆ་དྲུག་ཅུ་ལས་སྤྲོད་མི་དགོས་ཤིང་། མཐོ་ཤོས་ལ་སྒོར་200འཕྲལ་མར་གཅོག་པ་དང་། མཚོ་སྔོན་གྱི་ཡུལ་སྐོར་ལམ་ཐིག་རིགས་ཀྱི་ཐོན་རྫས་ཐད། འཛད་སྤྱོད་འཛིན་ཤོག་རིགས་དང་པོར་སྒོར་100ལོངས་ན་སྒོར་30གཅོག་པ། སྒོར་300ལོངས་ན་སྒོར་90གཅོག་པ། སྒོར་500ལོངས་ན་སྒོར་150གཅོག་པ། སྒོར་800ལོངས་ན་སྒོར་240གཅོག་པ། སྒོར་1000ལོངས་ན་སྒོར་300གཅོག་པ་མ་ཟད། འཛད་སྤྱོད་འཛིན་ཤོག་རིགས་གཉིས་པར་སྒོར་1500ལོངས་ན་སྒོར་450གཅོག་པ་དང་། སྒོར་2000ལོངས་ན་སྒོར་600གཅོག་པ། སྒོར་3000ལོངས་ན་སྒོར་900གཅོག་པ། སྒོར་4000ལོངས་ན་སྒོར་1200གཅོག་པ། སྒོར་5000ལོངས་ན་སྒོར་1500གཅོག་པ་བཅས་རེད།

    བྱེད་སྒོའི་རིང་། ཞེ་ཁྲེང་འགྲུལ་སྐྱོད་Appདང་གང་དུ་འགྲུལ་སྐྱོད་བྱེད་Appཁ་ཕྱེ་ནས་ཤོག་ངོས་དང་པོའི་འཚོལ་བཤེར་སྒྲོམ་གཞིའི་ནང“མཚོ་སྔོན་གྱི་རིག་གནས་དང་ཡུལ་སྐོར་གྱི་འཛད་སྤྱོད་འཛིན་ཤོག”འཚོལ་བཤེར་བྱས་ན་བྱེད་སྒོའི་དྲ་ངོས་ནས་འཛད་སྤྱོད་འཛིན་ཤོག་ལེན་ཐུབ། ཞེ་ཁྲེང་འགྲུལ་སྐྱོད་Appདང་གང་དུ་འགྲུལ་སྐྱོད་བྱེད་Appཁ་ཕྱེ་སྟེ་འཕྲིན་ལམ་ཁག་ནས་བྱེད་སྒོའི་ནང་ཞུགས་པའི་མཚོ་སྔོན་གྱི་རིག་གནས་དང་ཡུལ་སྐོར་གྱི་ཐོན་རྫས་འཚོལ་བཤེར་དང་། ཐོན་རྫས་ཀྱི་གནས་ཚུལ་ཞིབ་ཕྲའི་དྲ་ངོས་ནས་འཛིན་ཤོག་ལེན་པའམ་ཡང་ན་བྱེད་སྒོའི་ནང་ཞུགས་པའི་མཚོ་སྔོན་གྱི་རིག་གནས་དང་ཡུལ་སྐོར་གྱི་ཐོན་རྫས་ཐད་ཀར་མངག་ཉོ་བྱས་ཚེ། འཕྲལ་དུ་གཟིགས་སྐྱོང་ལོངས་སུ་སྤྱོད་ཐུབ་ཀྱི་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།