དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཆུ་གསབ་བཀོད་གཏོང་བྱས་ཚུན་འབྲི་ཆུའི་འགག་གསུམ་ཆུ་མཛོད་ཀྱིས་འབྲི་ཆུའི་དབུས་རྒྱུད་དང་སྨད་རྒྱུད་ལ་རིམ་རྩིས་བརྒྱབ་ན་ཆུ་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་46ལྷག་ཙམ་གསབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-04-15

    གསར་འགོད་པར་ཀྲུང་གོ་འབྲི་ཆུའི་འགག་གསུམ་ཚོགས་པ་ཚད་ཡོད་ཀུང་སི(གཤམ་ལ“འགག་གསུམ་ཚོགས་པ”ཞེས་བསྡུ་རྒྱུ)ནས་ཤེས་རྟོཌ་བྱུང་བར། 2024ལོའི་ཟླ་12ཚེས་1ཉིན། ཆུ་གསབ་བཀོད་གཏོང་བྱེད་འགོ་ཚུགས་པ་ནས་འདི་ལོའི་ཟླ་4ཚེས་1ཉིན་བར། འབྲི་ཆུའི་འགག་གསུམ་ཆུ་མཛོད་ཀྱིས་རིམ་རྩིས་བརྒྱབ་ན་འབྲི་ཆུའི་དབུས་རྒྱུད་དང་སྨད་རྒྱུད་ལ་ཆུ་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་46ལྷག་ཙམ་གསབ་ནས། འབྲི་ཆུའི་དབུས་རྒྱུད་དང་སྨད་རྒྱུད་ཀྱི་དཔྱིད་རྨོས་ཆུ་འདྲེན་དང་། གྲོང་མིའི་འཚོ་བའི་ཆུ་སྤྱོད། ཆུ་ཐོག་སྐྱེལ་འདྲེན་བཅས་ཀྱི་བདེ་འཇགས་ཐད་འདེགས་སྐྱོར་ནུས་ལྡན་བྱས་ཡོད།

    ལོ་རེའི་དགུན་དུས་ནས་སང་ལོའི་དཔྱིད་དུས་བར་ནི་འབྲི་ཆུའི་འབབ་རྒྱུད་དུ་ཆར་ཆུ་ཉུང་དུས་ཡིན་ཞིང་། འབྲི་ཆུའི་འགག་གསུམ་ཚོགས་པས་ཆུ་བེད་པུའི་འབྲི་ཆུའི་ཆུ་བེད་ཨུ་ལྷན་གྱི་བཀོད་གཏོང་བླང་བྱ་གཞིར་བཟུང་། ཚན་རིག་དང་མཐུན་པའི་ངང་ཇུས་གཞི་བཟོས་ནས། 2024ལོའི་ཟླ་12ཚེས་1ཉིན་ནས་བཟུང་འབྲི་ཆུའི་འགག་གསུམ་ཆུ་མཛོད་ཀྱི་ཆུ་འབུད་ཚད་རིམ་བཞིན་མང་དུ་བཏང་སྟེ། ཉིན་རེའི་ཆ་སྙོམས་ཆུ་གསབ་ཚད་སྐར་ཆ་རེར་སྨི་རྒྱ་དཔངས་གྲུ་བཞི་7000ནས་སྐར་ཆ་རེར་སྨི་རྒྱ་དཔངས་གྲུ་བཞི་9000ཡན་བར་རིམ་བཞིན་མང་དུ་བཏང་ནས་གཙང་རྒྱུད་ཀྱི་ཆུ་ལེན་པ་དང་མཚོ་ཐོག་སྐྱེལ་འདྲེན་གྱི་དགོས་མཁོ་ཏན་ཏིག་ངང་བསྐངས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།