ས་གནས་ཁག་གིས་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་ནས་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོ་བསུས་པ།
ཉེ་ཆར་ཧུའུ་པེ་ཞིང་ཆེན་ཝུའུ་ཁྲང་བབས་ཚུགས་སུ་ཝུའུ་ཧན་ལྕགས་ལམ་སྤྱི་བདེ་ཅུས་ཀྱི་མི་དམངས་ཉེན་རྟོག་པས་ཡུལ་སྐོར་བར་རྒྱལ་ཁབ་བདེ་འཇགས་ཀྱི་ཤེས་བྱ་འགྲེལ་བཤད་རྒྱག་བཞིན་པ།
ཉེ་ཆར་ཧོ་པེ་ཞིང་ཆེན་ཙུན་ཧྭ་གྲོང་ཁྱེར་ཧྭ་མིང་ལམ་ཁྲོམ་གཞུང་དུ། དང་བླངས་པས་གྲོང་མིར་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ཤེས་བྱ་འགྲེལ་བཤད་རྒྱག་བཞིན་པ།
ཉེ་ཆར་ཧྲན་ཏུང་ཞིང་ཆེན་ལིན་དབྱི་གྲོང་ཁྱེར་ཕིང་དབྱི་རྫོང་ཝུའུ་ཐའེ་གྲོང་རྡལ་སུན་ཅ་ཀྲོང་གྲོང་ཚོའི་ཞིང་ནང་དུ། མི་དམངས་ཉེན་རྟོག་པས་ཞིང་པར་རྒྱལ་ཁབ་བདེ་འཇགས་སྐོར་གྱི་ཤེས་བྱ་འགྲེལ་བཤད་རྒྱག་བཞིན་པ།
དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོ་ཐེངས་བཅུ་པ་འཆར་བ་དང་བསྟུན་ནས་ས་གནས་ཁག་གིས་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྣ་ཚོགས་སྤེལ་ཏེ། མི་རྣམས་ཀྱི་རྒྱལ་ཁབ་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་བཏང་བ་རེད།