དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མངའ་རིས་ས་ཁུལ་རུ་ཐོག་རྫོང་གིས།

    ལོ་ཆུང་གདོང་ལེན་རུ་ཁག་གི་སློབ་ཕྱིའི་ལག་ལེན་སློབ་གསོའི་རྟེན་གཞི་བཙུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-04-15

    ཉེ་ཆར། མངའ་རིས་ས་ཁུལ་རུ་ཐོག་རྫོང་གི་ལོ་ཆུང་གདོང་ལེན་རུ་ཁག་གི་སློབ་ཕྱིའི་ལག་ལེན་སློབ་གསོའི་རྟེན་གཞི་རྫོང་མི་དམངས་ཞིབ་དཔྱོད་ཁང་གི་ན་སོ་དར་ལ་མ་བབས་པའི་མིའི་ཁྲིམས་སྐྱོང་སློབ་གསོའི་རྟེན་གཞིར་བཙུགས་པ་དང་། དེ་ཐོག་ནས་རུ་ཐོག་རྫོང་གིས་གཞོན་ནུ་ལོ་ཆུང་གི་སློབ་གསོའི་ཁྱབ་ཁོངས་ཁྲོད་གོམ་པ་གལ་ཆེན་ཞིག་སྤོས་ཏེ་རྫོང་དེ་ཡོངས་ཀྱི་ལོ་ཆུང་གདོང་ལེན་རུ་མིར་སློབ་ཕྱིའི་ལག་ལེན་གྱི་ལས་སྟེགས་གསར་རྐྱང་ཞིག་མཁོ་འདོན་བྱས་པ་མཚོན་ཡོད།

    ལག་ལེན་སློབ་གསོའི་རྟེན་གཞི་བཙུགས་པ་དེ་རུ་ཐོག་རྫོང་གིས་ལོ་ཆུང་གདོང་ལེན་རུ་ཁག་གི་སྤྱི་ཚོགས་ཅན་གྱི་ལས་དོན་ལ་སྐུལ་འདེད་དང་གཞོན་ནུ་ལོ་ཆུང་གི་ཁྲིམས་སྐྱོང་སློབ་གསོ་ཟབ་གཏོང་གི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་རེད། དེའི་དམིགས་ཡུལ་ནི་གཞོན་ནུ་ལོ་ཆུང་གི་བཅའ་ཁྲིམས་འདུ་ཤེས་དང་ཁྲིམས་སྐྱོང་བསམ་བློ་ཟབ་ཏུ་བཏང་ནས་ཁོང་ཚོ་བདེ་ཐང་ངང་འཚར་ལོངས་ཡོང་རྒྱུར་རམ་འདེགས་བྱ་ཆེད་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།