ནག་ཆུ་གྲོང་ཁྱེར་གྱིས།
“བྱང་ཐང་རྒྱལ་ཁབ་བདེ་འཇགས་བུམ་པའི”གཏམ་བཤད་འགྲན་བསྡུར་སྐབས་དང་པོ་སྤེལ་བ།
རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོའི་རྒྱལ་ཁབ་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས། རྒྱལ་ཁབ་བདེ་འཇགས་མི་ཚང་མར་འགན་འཁྲི་ཡོད་པ་དང་ཚང་མ་ཞུགས་པའི་རྣམ་པ་བཟང་པོ་ཞིག་གཏོད་ཆེད། ཉེ་དུས་ནག་ཆུ་གྲོང་ཁྱེར་གྱིས“བྱང་ཐང་རྒྱལ་ཁབ་བདེ་འཇགས་བུམ་པའི”གཏམ་བཤད་འགྲན་བསྡུར་སྐབས་དང་པོ་སྤེལ་བར། གྲོང་ཁྱེར་དེ་ཡོངས་ཀྱི་ལས་རིགས་ཁག་གི་འཐུས་མི་300ལྷག་ཙམ་ཞུགས་ཡོད་པ་རེད།
འགྲན་བསྡུར་བྱེད་རིང་། འགྲན་ཞུགས་བདམས་ཐོན་པ་ཚོས་རྒྱལ་ཁབ་བདེ་འཇགས་བརྗོད་དོན་གཙོ་བོར་བྱེད་པ་དང་། རང་ཉིད་ཀྱི་མྱོང་བ་དང་གོ་རྟོགས་དང་ཟུང་འབྲེལ་གྱིས་ཆབ་སྲིད་བདེ་འཇགས་དང་། དཔལ་འབྱོར་བདེ་འཇགས། རིག་གནས་བདེ་འཇགས། སྐྱེ་ཁམས་བདེ་འཇགས། དྲ་རྒྱའི་བདེ་འཇགས་སོགས་ཀྱི་ནང་དོན་མང་པོའི་ཐོག་ནས་གསོན་ཉམས་དོད་པའི་གཏམ་བཤད་དང་ཉན་སྤྲོ་བའི་དཔེ་མཚོན་ལ་བརྟེན་ཏེ་རྒྱལ་ཁབ་བདེ་འཇགས་ལ་ཤེས་རྟོགས་ཐུབ་ཚད་དང་དུས་རབས་གསར་པའི་སྤྱི་དམངས་ཀྱིས་རྒྱལ་ཁབ་བདེ་འཇགས་སྲུང་བའི་འགན་འཁྲི་དང་ལས་འགན་གང་ལེགས་མཚོན་པར་བྱས་ཡོད། མཐར་བྱེད་སྒོའི་ནང་བྱ་དགའ་རིམ་པ་དང་པོ་1དང་། རིམ་པ་གཉིས་པ་2 རིམ་པ་གསུམ་པ་3བཅས་དང་དེ་བཞིན་ཕུལ་བྱུང་བྱ་དགའ་ཁ་ཤས་བདམས་ཡོད་པ་རེད།