དབུ་ཤོག
  • གངས་སམ་ཆར་པ་འབབ་རྒྱུ་མ་ཟད་ལྷཊ་པ་ཆེན་པོ་རྒྱག་རྒྱུ་དང་དྲོད་ཚད་ཧྲེ་ཧྲི་ཏུའུ་4ནས་8བར་ཆག་རྒྱུ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2025-04-14

    ཟླ་4ཚེས་13ཉིན། རང་སྐྱོང་ལྗོངས་གནམ་གཤིས་ལས་ཁུངས་ཀྱིས་གཟའ་འཁོར་གཅིག་གི་གནམ་གཤིས་སྔོན་བརྡ་བཏང་འདུག སྔོན་དཔག་བྱས་ན། ཚེས་13ནས་16བར་རང་ལྗོངས་ཀྱི་ས་ཆ་མང་ཆེ་བར་ཆར་པ(གངས)མང་པོ་འབབ་རྒྱུ་ཡིན་པ་དང་ས་ཆ་ཁག་གཅིག་ལ་ཆར་པ(གངས)ཅུང་ཤུགས་ཆེ་ཙམ་འབབ་རྒྱུ། གངས་བབས་རྗེས་དབུས་ཤར་རྒྱུད་དུ་དྲོད་ཚད་འབྲིང་ཙམ་ཆག་རྒྱུ། ཚེས་20ཉིན་གྱི་རྗེས་སུ་ལྷགས་པ་ཆེན་པོ་རྒྱག་རྒྱུ་ཡིན་པ་རེད།

    གནམ་གཤིས་སྟོན་ཚུལ་གཙོ་བོ།

    ཟླ་4ཚེས་13ནས་16ཉིན་བར། ཉིང་ཁྲི་དང་། ལྷོ་ཁའི་ལྷོ་རྒྱུད། ནག་ཆུའི་དབུས་རྒྱུད་དང་ཤར་རྒྱུད། གཞིས་རྩེའི་ལྷོ་རྒྱུད། ཆབ་མདོའི་དབུས་རྒྱུད་དང་བྱང་རྒྱུད་བཅས་ལ་ཆར་པ(གངས)ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ(གངས)ཆེ་བ་ནས་ཧ་ཅང་ཆེ་བའི་བར་འབབ་རྒྱུ། ལྷ་ས་དང་། གཞིས་རྩེའི་བྱང་རྒྱུད། ཆབ་མདོའི་ལྷོ་རྒྱུད། ལྷོ་ཁའི་དབུས་རྒྱུད་དང་ཤར་རྒྱུད་བཅས་ལ་ཆར་པ(གངས)ཆུང་བ་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ(གངས)འབྲིང་བ་ནས་ཆེ་བའི་བར་འབབ་རྒྱུ། དེ་མིན་གྱི་ས་ཆ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་ནས་གནམ་འཐིབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ(གངས)ཡུད་ཙམ་འབབ་རྒྱུ། གངས་བབས་རྗེས་དབུས་ཤར་རྒྱུད་དུ་དྲོད་ཚད་ཧྲེ་ཧྲི་ཏུའུ་4ནས་8བར་ཆག་རྒྱུ། 

    ཟླ་4ཚེས་17ནས་19ཉིན་བར། ཉིང་ཁྲིའི་ལྷོ་རྒྱུད་དང་། གཞིས་རྩེའི་ལྷོ་རྒྱུད། ལྷོ་ཁའི་ལྷོ་རྒྱུད། མངའ་རིས་ཀྱི་ལྷོ་རྒྱུད་བཅས་སུ་གནམ་འཐིབས་ནས་ཆར་པ(གངས)ཆུང་བ་འབབ་རྒྱུ། དེ་མིན་གྱི་ས་ཆ་གཞན་དག་ལ་སྤྲིན་པ་ཉུང་བ་ནས་རིམ་བཞིན་མང་པོ་འཁོར་རྒྱུ།

    ཟླ་4ཚེས་20ནས་22ཉིན་བར། ཉིང་ཁྲི་དང་ལྷོ་ཁའི་ལྷོ་རྒྱུད་ལ་གནམ་འཐིབས་ནས་ཆར་པ(གངས)ཆུང་བ་འབབ་རྒྱུ་དང་ས་བབ་དམའ་བའི་ས་ཆ་ཁག་གཅིག་ལ་ཆར་པ་འབྲིང་བ་འབབ་རྒྱུ། ནག་ཆུའི་ཤར་རྒྱུད་དང་། ཆབ་མདོའི་བྱང་རྒྱུད། གཞིས་རྩེའི་ལྷོ་རྒྱུད། ལྷ་སའི་ཤར་རྒྱུད། མངའ་རིས་ཀྱི་ལྷོ་རྒྱུད་བཅས་ལ་སྤྲིན་པ་མང་པོ་འཁོར་ནས་གནམ་འཐིབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ(གངས)ཡུད་ཙམ་འབབ་རྒྱུ། དེ་མིན་ས་ཆ་གཞན་དག་ལ་སྤྲིན་པ་ཉུང་བ་ནས་རིམ་བཞིན་མང་པོ་འཁོར་རྒྱུ།

    ཟླ་4ཚེས་13ནས་19ཉིན་བར། མངའ་རིས་དང་། ནག་ཆུ། གཞིས་རྩེ་བཅས་ལ་ལྷགས་པ་ཆེན་པོ་རིམ་པ་7ནས་8བར་རྒྱག་རྒྱུ་དང་། ལྷ་ས་དང་། ལྷོ་ཁ། ཆབ་མདོ་བཅས་སུ་ལྷགས་པ་རིམ་པ་4ནས་5བར་ཡུད་ཙམ་རྒྱག་རྒྱུ།

    ཟླ་4ཚེས་20ནས་22ཉིན་བར། མངའ་རིས་དང་། ནག་ཆུ། གཞིས་རྩེ་བཅས་ལ་ལྷགས་པ་ཆེན་པོ་རིམ་པ་8ནས་9བར་རྒྱག་རྒྱུ་དང་ས་ཆ་ཁག་གཅིག་ལ་ལྷགས་པ་ཆེན་པོ་རིམ་པ་10ནས་11བར་ཡུད་ཙམ་རྒྱག་རྒྱུ། ལྷ་ས་དང་། ལྷོ་ཁ། ཆབ་མདོ་བཅས་ལ་ཕྱི་དྲོར་ལྷགས་པ་རིམ་པ་5ཡུད་ཙམ་རྒྱག་རྒྱུ་དང་ས་ཆ་ཁག་གཅིག་ལ་ལྷགས་པ་རིམ་པ་6ནས་7བར་ཡུད་ཙམ་རྒྱག་རྒྱུ། 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།