ཀྲོའུ་ཧྲན་རྒྱལ་སྤྱིའི་བྱེ་བརྐོས་དུས་ཆེན་སྐབས་ཉེར་དྲུག་པའི་བརྩམས་ཆོས་གསར་པ་གོ་རིམ་ལྡན་པའི་ངང་སྤེལ་བཞིན་པ།
མིག་སྔར་ཀྲེ་ཅང་ཞིང་ཆེན་ཀྲོའུ་ཧྲན་གྲོང་ཁྱེར་ཀྲུའུ་ཅ་ཅན་ནན་ཧྲ་མཛེས་ལྗོངས་ཁུལ་དུ་གནས་པའི་2025ལོའི་ཀྲོའུ་ཧྲན་རྒྱལ་སྤྱིའི་བྱེ་བརྐོས་དུས་ཆེན་སྐབས་ཉེར་དྲུག་པའི་བརྩམས་ཆོས་གསར་པ་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད། སྐབས་འདིའི་བྱེ་བརྐོས་དུས་ཆེན་དེ“རོལ་དབྱངས་ཀྱི་ནན་ཧྲ”ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས་འཛམ་གླིང་གི་གྲགས་ཅན་རོལ་དབྱངས་དང་དར་སོ་ཆེ་བའི་རིག་གནས་རོལ་དབྱངས་གསར་རྩོམ་ནང་དོན་གཙོ་བོར་བྱས་ཡོད་པ་དང་ཟླ་བ་ལྔ་པའི་གོང་ལས་མཇུག་འགྲིལ་རྒྱུ་ཡིན་པ་རེད།