རྒྱལ་སྤྱིའི་ལོ་རྒྱུས་སྙན་ངག་རིག་པའི་ཚོགས་ཆེན་ཨ་ཐེན་སིར་གཉེར་བ།
ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་མི་རིགས་རྩོམ་རིག་ཞིབ་འཇུག་ཁང་དང་ཨ་ཐེན་སི་ཀྲུང་གོའི་གནའ་བོའི་ཤེས་དཔལ་ཞིབ་འཇུག་ཁང་གིས་ཐུན་མོང་ཐོག་གཙོ་གཉེར་བྱས་པའི་རྒྱལ་སྤྱིའི་ལོ་རྒྱུས་སྙན་ངག་རིག་པའི་ཚོགས་ཆེན་ཉིན་ཤས་གོང་ཀེ་རི་སེའི་ཨ་ཐེན་སིར་གཉེར་ཡོད། ད་རེས་ཀྱི་ཚོགས་ཆེན་དེ“ལོ་རྒྱུས་སྙན་ངག་རིག་པའི་སྲོལ་རྒྱུན་དང་ཤེས་དཔལ་སྤེལ་རེས་དཔྱད་གཞིར་འཛིན་པ”བརྗོད་དོན་གཙོ་བོར་བྱས་ཤིང་། རྒྱལ་ཁབ་དང་ས་ཁུལ་10ལྷག་ཙམ་གྱི་རིགས་གཅིག་མཁས་ཅན་དང་མཁས་དབང་80ལྷག་ཙམ་བགྲོ་གླེང་ལ་ཞུགས་ཡོད་པ་རེད། འདི་ནི་ཀེ་རི་སེའི་ཨ་ཐེན་སིར་གཉེར་བའི་རྒྱལ་སྤྱིའི་ལོ་རྒྱུས་སྙན་ངག་རིག་པའི་ཚོགས་ཆེན་ཐོག་ཚོགས་ཞུགས་པས་སྐུ་མགྲོན་གྱི་གཏམ་བཤད་ཉན་བཞིན་པ།