ཉིང་ཁྲི་གྲོང་ཁྱེར་གྱིས་ལས་ཞུཌ་བོད་སྐྱོར་གྱི་ལས་མི་བསྡུ་བའི་ཆེད་དོན་འདུ་ཚོགས་འཚོཌ་པ།
ཉིན་ཤས་གོང་ཉིང་ཁྲི་གྲོང་ཁྱེར་གྱི“ཁམ་བུའི་མེ་ཏོག་བཞད་པའི་དུས། ཆེད་དོན་ལས་བསྡུའི་འདུ་ཚོགས་ཚོགས”ཞེས་པའི་ལས་ཞུགས་བོད་སྐྱོར་གྱི་ལས་མི་བསྡུ་བའི་ཆེད་དོན་འདུ་ཚོགས་བོད་ལྗོངས་ཞིང་འབྲོག་སློབ་གླིང་དུ་འཚོགས་ཤིང་། ལས་བསྡུའི་འདུ་ཚོགས་ཀྱིས་དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་གྱི་བྱེད་སྟངས་སྤྱད་དེ། བློ་རིག་ཅན་གྱི་ལས་བསྡུའི་མ་ལག་ལ་བརྟེན་ནས་ལས་ཀ་འཚོལ་མཁན་ལ་ཞབས་འདེགས་ཞིབ་ཚགས་ཞུས་པ་དང་དྲ་ཕྱིའི་ལས་ཀ་འཚོལ་མཁན་850ལྷག་ཙམ་ལས་མི་བསྡུ་བའི་ནང་ཞུགས་ཡོད།
ལས་བསྡུའི་འདུ་ཚོགས་ཚོགས་ཡུལ་དུ་ཀོང་ཏུང་ཞིང་ཆེན་གྱི་མི་སྤྱོད་ཚན་པ་7དང་རང་སྐྱོང་ལྗོངས་ཀྱི་མི་སྤྱོད་ཚན་པ་25ཡིས་ལས་ཞུགས་ལས་གནས་288མཁོ་འདོན་བྱས་པ་དེའི་གྲས་སུ་ཞབས་ཞུའི་ལས་རིགས་དང་། ཞིང་འབྲོག་ལས་རིགས། ཡུལ་སྐོར་ལས་རིགས། བཟོ་སྐྲུན་ལས་རིགས་སོགས་ལས་རིགས་མང་པོ་ཚུད་ཡོད།