དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མཚོ་བོད་ཚོགས་པ་ཀུང་སིས་འགྲུལ་སྐྱེལ་མེ་འཁོར་ཚན་རིག་དང་མཐུན་པའི་ངང་ལེགས་སྒྲིག་བྱས་པ།

    ལྷ་ས་ནས་གཞིས་རྩེ་བར་གྱི་དཀྱུས་བགྲོད་མེ་འཁོར་གཉིས་མང་དུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-04-14

    ཟླ་4ཚེས་10ཉིན་གྱི་ཆུ་ཚོད་ཀླད་ཀོར་ནས་བཟུང་རྒྱལ་ཡོངས་ལྕགས་ལམ་དུ་མེ་འཁོར་འཁོར་སྐྱོད་བྱེད་སྟངས་གསར་པ་ལག་ལེན་བསྟར་ཡོད། ད་ཐེངས་ཀྱི་ལེགས་སྒྲིག་ཁྲོད། མཚོ་བོད་ཚོགས་པ་ཀུང་སིས་འགྲུལ་པའི་འགྲུལ་བཞུད་དགོས་མཁོར་དམིགས་ནས་དཀྱུས་བགྲོད་མེ་འཁོར་འགྲོ་སྐྱོད་ཀྱི་གྲུབ་ཆ་གཙོ་གནད་ཐོག་ལེགས་སུ་བཏང་ཞིང་། ལྷ་ས་ནས་གཞིས་རྩེ་བར་དཀྱུས་བགྲོད་མེ་འཁོར་གཉིས་མང་དུ་བཏང་བ་དང་། ཟི་ལིང་ནས་གོར་མོ་བར་འགྲུལ་སྐྱེལ་མེ་འཁོར་ལན་གྲངས་7581/2དང་ཟི་ལིང་ནས་མ་ཧའེ་བར་འགྲུལ་སྐྱེལ་མེ་འཁོར་ལན་གྲངས་7583/4གཏོང་བ་ནས་གཟའ་འཁོར་རེར་ཐེངས་2གཏོང་བར་ལེགས་སྒྲིག་བྱས་པ། ཟི་ལིང་ནས་ལྷ་ས་བར་འགྲུལ་སྐྱེལ་མེ་འཁོར་ལན་གྲངས་Z8991/2མང་དུ་བཏང་སྟེ་མུ་ཏི་ཀ་ཆ་ཆུ་བབས་ཚུགས་ནས་འགྲུལ་པ་འཛུལ་བབས་ཀྱི་འགྲོ་ལུགས་གཉེར་ཏེ་ས་མཐོའི་མི་རིགས་ཁག་གི་མང་ཚོགས་ཀྱི་འགྲོ་སྐྱོད་ལ་སྟབས་བདེ་བསྐྲུན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།