དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • དམའ་དབྱིངས་དཔལ་འབྱོར་གྱིས་ཀྲུང་གོའི་མཁའ་འགྲུལ་ལས་རིགས་འཕེལ་རྒྱས་ལ་རམ་འདེགས་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-04-13

    འདི་ནི་ཀྲུང་གོའི་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་སྤེལ་བའི་དམའ་དབྱིངས་དཔལ་འབྱོར“ལྟ་འདོམས་བྱེ་སྒམ”གྱི་འགོ་ཚུགས་མཛད་སྒོ་འཚོག་ཡུལ་དུ་ལས་དོན་པས་ཧྲུན་ཧྥུང་ཧྥུང་དབྱི་མི་མེད་གནམ་གྲུས་དངོས་ཟོག་སྐྱེལ་སྟངས་འགྲེམས་སྟོན་བྱེད་བཞིན་པ། (ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཁྲེན་ཏོ་ཡིས་པར་བླངས)

    ཀྲུང་གོའི་ཧྲེན་ཀྲེན་གྱི་སྤྱི་གླིང་དུ། ཡུལ་སྐོར་བས་ཉེར་སྤྱོད་བྱ་རིམ་བརྒྱུད་བཟའ་བཅའ་མངགས་ཉོ་བྱེད་པ་དང་མི་མེད་གནམ་གྲུས་བཟའ་བཅའ་སྐྱེལ་དུ་ཡོང་བར་གོམས་ཤིང་། མི་མེད་གནམ་གྲུའི་ནང་ཐུམ་སྒྲིལ་བླུགས་ཡོད་པ་དང་ཡུལ་སྐོར་བས་རྩ་གཉིས་ཨང་རྟགས་བཤེར་ན་མངགས་ཐོ་རྩིས་ལེན་བྱེད་ཐུབ། པེ་ཅིང་ལྕགས་རི་རིང་པོའི་པཱ་ཏ་ལིང་ལམ་དུམ་དུ་ཡང་ཟོག་སྐྱེལ་མ་ལག་དེ་འདྲ་སྤྱད་དེ་ཡུལ་སྐོར་བས་ཡུལ་སྐོར་མྱོལ་རོལ་བྱེད་པར་སྟབས་བདེ་དེ་བས་ཆེ་བ་བསྐྲུན་ཡོད། བཟའ་བཅའ་དང་བཏུང་བྱ་ཕུད། མི་མེད་གནམ་གྲུས་ད་དུང་ཉི་གདུཌ་ཚུད་པའི་སྟབས་བདེའི་དངོས་པོ་སྐྱེལ་འདྲེན་བྱེད་པ་དང་ལས་ཀ་གྲོལ་རྗེས་ལས་མིར་གད་སྙིགས་གཙང་སེལ་བྱེད་རོགས་ཀྱང་བྱེད་ཀྱི་ཡོད་པ་རེད།

    ན་ནིང་། “དམའ་དབྱིངས་དཔལ་འབྱོར”ཞེས་པའི་ཐ་སྙད་དེ་ཀྲུང་གོའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་ཐེངས་དང་པོ་འཁོད་ཅིང་། འདི་ལོ། བརྗོད་དོན་གཙོ་བོ་དེར་ཀྲུང་གོའི་ཚོགས་འདུ་གཉིས་རིང་དོ་ཁུར་དེ་བས་མང་བ་ཐོབ་པ་དང་། སྔོན་ཚུད་དོན་ཚན་གྱི་གྲས་ཤིག་ཡིན་པའི་ངོས་ནས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་སླར་ཡང་འཁོད་ཡོད། སྤྱི་པའི་སྲིད་ཇུས་ཀྱི་རྒྱབ་སྐྱོར་འོག དམའ་དབྱིངས་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ཏེ། ད་ལྟ་སྒྲུབ་མུས་ཡིན་པའི་ཚོད་ལྟའི་རྣམ་གྲངས་སྟོང་ཕྲག་ཁ་ཤས་ལ་སྐུལ་འདེད་ཐུབ་ནས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་ལག་རྩལ་གསར་པ་དེ་རིགས་ཚོང་ལས་ལ་སྤྱད་ཡོད་པ་རེད།

    ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱིས་སྔོན་རྩིས་བྱས་པར་གཞིགས་ན། 2025ལོར། ཀྲུང་གོའི་དམའ་དབྱིངས་དཔལ་འབྱོར་ཁྲོམ་རའི་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི་1.5ཟིན་རྒྱུ་དང་2035ལོར་སླེབས་སྐབས་སྒོར་དུང་ཕྱུར་ཁྲི་3.5ཟིན་རྒྱུའི་རེ་བ་ཡོད་པ་རེད།

    —— པར་ཙིར་གྱི《གླེང་སྟེགས》དུས་དེབ་དྲ་ཚུགས་སུ་སྤེལ་བའི་གནས་ཚུལ་གཞིར་བཟུང་།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།