མེ་ཏོག་ཡུས་ཅིན་ཤང་ལས་ཧྲང་ཧའེ་གྲོང་ཁྱེར་གྱི་སྔོ་འགྱུར་ལེགས་བཅོས་ཀྱི་རྣམ་པ་མཚོན་པ།
འདི་ནི་ཧྲང་ཧའེ་ཀུའུ་ཚུན་སྤྱི་གླིང་དུ་མེ་ཏོག་ཡིང་ཧྭ་རབ་ཏུ་བཞད་པའི་རྣམ་པ་ཡིན་པ། (ཝང་ཁྲུའུ་ཡིས་པར་བརྒྱབ)
ཉིན་ཤས་གོང་། གསར་འགོད་པ་ཧྲང་ཧའེ་གྲོང་ཁུལ་གྱི་ཁྲོམ་གཞུང་ཞིག་ཏུ་སྐྱོད་སྐབས་སྣང་བ་མེད་པའི་ངང་ལམ་ཟུར་གྱི་མེ་ཏོག་དང་རྩྭ་རྩི་ཤིང་ཚང་མར་འགྱུར་ལྡོག་བྱུང་བ་ཤེས་རྟོགས་བྱུང་། མེ་ཏོག་ཡུས་ཅིན་ཤང་གི་དྲི་ཞིམ་གང་སར་འཐུལ་ནས་གྲོང་ཁྱེར་དེར་དཔྱིད་ཀྱི་རྣམ་པ་ཞིག་མངོན་བཞིན་ཡོད།
ཧྲང་ཧའེ་གྲོང་ཁྱེར་འདི་ཉིད་ཀྲུང་གོའི་ཡུལ་སྐོར་གྲོང་ཁྱེར་གྲགས་ཅན་ཞིག་ཡིན་ལ། ཕྱི་རྒྱལ་བར་སྣེ་ལེན་ཞུ་མང་ཤོས་ཀྱི་གྲོང་ཁྱེར་གྱི་གྲས་ཤིག་ཀྱང་རེད། ལམ་ཟུར་གྱི་མེ་ཏོག་དང་རྩྭ་རྩི་ཤིང་ཚང་མ་ནི“གྲོང་ཁྱེར་གྱི་མིང་བྱང”ལྟ་བུ་ཞིག་རེད། ཡོང་འབབ་ཀྱི་ཆུ་ཚད་མཐོ་རུ་ཕྱིན་པ་དང་བསྟུན་ནས་ཀྲུང་གོ་བས་འཚོ་བའི་སྤུས་ཚད་དང་གྲོང་ཁྱེར་སྔོ་ལྗང་གི་ཆུ་ཚད་ལ་རེ་བ་བྱེད་ཚད་དེ་བས་མཐོ་རུ་ཕྱིན་ཡོད། མི་མང་པོ་ཞིག་གིས་ལས་ཀའི་དུས་ཚོད་ཕུད་ཁོམ་པ་ཡོད་དུས་སྤང་སྟེང་དུ་ཉལ་བ་དང་། སྤྱི་གླིང་དུ་རྒྱུག་ཤར་གློད་པ། སྒར་བརྒྱབ་ནས་སྡོད་པ་སོགས་བྱེད་ཀྱི་ཡོད།
ན་ནིང་ལོ་མཇུག་བར་ཧྲང་ཧའེ་ཡི་གྲོང་ཁྱེར་དང་གྲོང་གསེབ་ཏུ་སྤྱི་གླིང་དེ་རིགས་བསྡོམས་341ཙམ་ཡོད། ཧྲང་ཧའེ་ཡི་དམིགས་ཚད་ནི“སྤྱི་གླིང་སྟོང་ལྡན་གྱི་གྲོང་ཁྱེར”དུ་འགྱུར་བ་བྱ་རྒྱུ་དེ་ཡིན་པ་དང་2025ལོར་སླེབས་སྐབས་སྤྱི་གླིང་གི་གྲངས་འབོར་1000ཡན་བར་མང་དུ་འགྲོ་རྒྱུ་དང་2035ལོར་སླེབས་སྐབས་སྤྱི་གླིང་2000བསྐྲུན་རྩིས་ཡོད།
—— སིང་ཀ་ཕོར་གྱི《མཉམ་འབྲེལ་ཞོགས་པའི་ཚགས་པར》ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་།