ཝུའུ་མཱ་མྱུར་བགྲོད་གཞུང་ལམ་ཧུའེ་ནུང་ནས་ཧྲི་ཙུའེ་ཧྲན་དུམ་བུའི་བར་གྱི་ལས་གྲྭ་གཙོ་བོ་ལེགས་འགྲུབ་ཟིན་པ།
ཉེ་དུས་ཝུའུ་མཱ་མྱུར་བགྲོད་གཞུང་ལམ་ཧུའེ་ནུང་ནས་ཧྲི་ཙུའེ་ཧྲན་དུམ་བུའི་བར་གྱི་ལས་གྲྭ་གཙོ་བོ་སྤྱིར་ན་ལེགས་འགྲུབ་ཟིན་ཏེ་སྔོན་དཔག་བྱས་ན་ད་ལོའི་ཟླ་8པར་རླངས་འཁོར་ཤར་གཏོང་ཐུབ་རྒྱུ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ཝུའུ་མཱ་མྱུར་བགྲོད་གཞུང་ལམ་གྱིས་ནང་སོག་གི་ཝུའུ་ཧའེ་གྲོང་ཁྱེར་དང་མཚོ་སྔོན་གྱི་རྨ་ཆེན་རྫོང་གཉིས་སྦྲེལ་མཐུད་ཐུབ་ཡོད། འདི་ནི་བཟོ་པས་ཝུའུ་མཱ་མྱུར་བགྲོད་གཞུང་ལམ་ཧུའེ་ནུང་ནས་ཧྲི་ཙུའེ་ཧྲན་དུམ་བུའི་བར་གྱི་ལས་ཡུལ་དུ་ཨར་སྐྲུན་ལས་ལ་གཞོལ་བཞིན་པ།