དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་ལྗོངས་ཀྱིས་རྒན་རྒོན་དང་རྒན་གསོའི་ཞབས་ཞུའི བྱ་གཞག་ལ་སྐུལ་འདེད་ཏན་ཏིག་བཏང་བ།

    དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་གཅིག་སྡུད་བསྙེན་བཀུར་ཞབས་ཞུའི་ལྟེ་གནས་80བསྐྲུན་ནས་དམིགས་བསལ་དཀའ་ངལ་ཡོད་པའི་རྒན་རྒོན་5836ལ་གཅིག་སྡུད་བསྙེན་བཀུར་ཞུས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-04-13

    ཉེ་ཆར། གསར་འགོད་པས་རང་སྐྱོང་ལྗོངས་དམངས་སྲིད་ཐིང་ནས་ཤེས་རྟོགས་བྱས་པར། 2021ལོ་ཚུན་དུ། རང་ལྗོངས་ཀྱིས་སྤྱི་ཚོགས་འགན་སྲུང་དང་། རྒན་གསོའི་ཞབས་ཞུ། བདེ་ཐང་གི་འདེགས་སྐྱོར་མ་ལག་བཅས་གང་མགྱོགས་འཐུས་སྒོ་ཚང་དུ་གཏོང་རྒྱུ་གཙོ་གནད་དུ་བྱས་ཏེ་ལམ་ལུགས་གསར་གཏོད་བྱེད་ཤུགས་ཆེ་རུ་དང་སྲིད་ཇུས་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་བཏང་སྟེ་རྒན་རྒོན་དང་རྒན་གསོའི་ཞབས་ཞུའི་བྱ་གཞག་དེ་རྒས་དུས་འཚོ་རྟེན་ཡོད་པ་དང་། རྒས་དུས་སྨན་བཅོས་ཐུབ་པ། རྒས་དུས་ལས་རྒྱུ་ཡོད་པ། རྒས་དུས་སྦྱོང་རྒྱུ་ཡོད་པ། རྒས་དུས་སྤྲོ་སྣང་ཡོད་པ་བཅས་ཕྱོགས་སུ་རྒྱུན་ཆད་མེད་པར་འཕེལ་རྒྱས་གསར་པ་ཡོང་བར་སྐུལ་འདེད་བཏང་ཡོད།

    རྒན་རྒོན་ལས་དོན་གྱི་སྲིད་ཇུས་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ཞིང་། རྒན་རྒོན་གྱི་ཞབས་ཞུ་འགན་སྲུང་གི་ཁྱབ་ཁོངས་ཁག་ལ་ཁྱབ་པའི་སྲིད་ཇུས་རང་བཞིན་དང་མཛུབ་ཁྲིད་རང་བཞིན་གྱི་ཡིག་ཆ་རབ་དང་རིམ་པ་བཟོས་ནས། རང་ལྗོངས་ཀྱི་མི་འབོར་ན་རྒས་ཅན་གྱི་འཕེལ་རིམ་དང་འཚམ་པའི་རྒན་རྒོན་ལས་དོན་གྱི་སྲིད་ཇུས་མ་ལག་རགས་ཙམ་བཙུགས་ཡོད། 

    རྒན་རྒོན་གྱི་ཁེ་དབང་འགན་སྲུང་ཁྲིམས་སྐྱོང་ཅན་འཛུགས་སྐྲུན་ལ་རྒྱུན་མཐུད་ཤུགས་སྣོན་བརྒྱབ་ཅིང་། འབྲེལ་ཡོད་བཅའ་ཁྲིམས་ནང་གི་རྒན་རྒོན་དང་འབྲེལ་བ་ཡོད་པའི་དོན་ཚན་ལག་བསྟར་གཏིང་ཟབ་བྱས་པ་དང་། རྒན་རྒོན་ལ་དམིགས་པའི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་རྡུང་རྡེག་དང་བཅོས་སྒྲིག་ནན་པོ་བྱས་ཡོད།

    རྒན་གསོའི་ཞབས་ཞུའི་མ་ལག་འཛུཌ་སྐྱོང་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ཞིང་། དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་གཅིག་སྡུད་བསྙེན་བཀུར་ཞབས་ཞུའི་ལྟེ་གནས་80བསྐྲུན་ནས་དམིགས་བསལ་དཀའ་ངལ་ཡོད་པའི་རྒན་རྒོན་5836ལ་གཅིག་སྡུད་བསྙེན་བཀུར་བྱས་པ་རེད། མ་དངུལ་སྒོར་དུང་ཕྱུར་4.95བཏང་ནས་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་གཅིག་སྡུད་བསྙེན་བཀུར་ཞབས་ཞུའི་ལྟེ་གནས་57རིམ་སྤོར་སྒྱུར་བཀོད་རྣམ་གྲངས་ལག་བསྟར་བྱས་པ་དང་། རིམ་རྩིས་བརྒྱབ་ན་སྒོར་དུང་ཕྱུར་8.1བཏང་ནས་རྒན་རྒོན་གྱི་ཉིན་མོའི་ལྟ་རྟོག་ལྟེ་གནས་65དང་གྲོང་གསེབ་ཀྱི་བདེ་སྐྱིད་ཁང་156བསྐྲུན་ནས་རྒན་རྒོན་མི་ཐེངས་ཁྲི་90ལྷག་ཙམ་ལ་ཞབས་འདེགས་ཞུས་པ། རྒན་རྒོན་གྱི་བཟའ་བཏུང་ཞབས་ཞུའི་དྲ་ཚིགས་132བསྐྲུན་ནས་རྒན་རྒོན་ཐག་ཉེ་སར་སྟབས་བདེའི་ངང་ཁ་ལག་བཟའ་ཐུབ་པའི་དགོས་མཁོ་རྒྱུན་ཆད་མེད་པར་བསྐངས་ཡོད་པ་རེད།

    རྒན་རྒོན་དང་འབྲེལ་བ་ཡོད་པའི་འགན་སྲུང་ཆུ་ཚད་བརྟན་པོའི་ངང་མཐོ་རུ་བཏང་ཞིང་། ལོ་ན་མཐོ་བའི་རྒན་རྒོན་གྱི་བདེ་ཐང་ཁ་གསབ་ཚད་གཞི་སླར་ཡང་མཐོ་རུ་བཏང་ནས་ལོ་80ནས་89བར་དང་། ལོ་90ནས་99བར། ལོ་བརྒྱ་ཡན་བཅས་ཀྱི་རྒན་རྒོན་གྱི་ཁ་གསབ་ཚད་གཞི་མི་རེར་ལོ་རེར་སྒོར་1200དང་། སྒོར་1400 སྒོར་1700བཅས་སོ་སོར་སླེབས་ཡོད། ལྗོངས་ཡོངས་ཀྱི་རྒན་གསོའི་འགན་བཅོལ་ནང་ཞུགས་མཁན་མི་གྲངས་ཁྲི་245.38ཟིན་ནས་གཞི་རྩའི་རྒན་གསོའི་འགན་བཅོལ་ནང་ཞུགས་ཚད་96.31%ཟིན་ཡོད་པ་རེད།

    གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོའི་འགན་བཅོལ་གྱི་རྨང་གཞིའི་རྒན་གསོའི་དངུལ་གྱི་ཚད་གཞི་མི་རེར་ཟླ་རེར་སྒོར་265བར་སྤར་ནས་མང་ཚོགས་ཁྲི་30ལྷག་ཙམ་ལ་ཕན་པ་ཐོབ་ཡོད། རིམ་རྩིས་བརྒྱབ་ན་མི་སྒེར་གྱི་རྒན་གསོའི་དངུལ་གྱི་རྩིས་ཁྲ་ཁྲི་20.3བཙུགས་པ་དང་མ་དངུལ་སྒོར་ཁྲི་8789གསོག་འཇོག་བྱས་ཡོད། ལྗོངས་ཡོངས་ཀྱི་ཐོ་འགོད་ཁེ་ལས་ཀྱི་ལོ་དངུལ་འཆར་གཞིའི་ཁེ་ལས་74ཟིན་ཡོད་པ་རེད།

    རྒན་རྒོན་གྱི་བདེ་ཐང་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་བརྟན་པོ་བཏང་ཞིང་། 2024ལོར་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་པའི་ལོ་60ཡན་གྱི་རྒན་རྒོན་ཁྲི་26.02ཟིན་པ་དང་། ལས་བཟོའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་རྒན་ཡོལ་ཞུ་མཁན་མི་ཐེངས་ཁྲི་107.59ལ་སྨན་བཅོས་བྱས་པ། ལས་བཟོའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་གཅིག་གྱུར་འཆར་འགོད་ཐེབས་རྩའི་འགྲོ་སོང་སྒོར་དུང་ཕྱུར་6.83ཕྱིན་ཡོད་པ་རེད།

    རྒན་རྒོན་མཛའ་མཐུན་ཅན་གྱི་སྤྱི་ཚོགས་འཛུགས་སྐྲུན་ལ་རྒྱུན་མཐུད་སྐུལ་འདེད་བཏང་ཞིང་། སྒོར་ཁྲི་1621.55བཏང་ནས་དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་ཚབས་ཆེན་གྱི་ཁྱིམ་ཚང་4633ལ་འགོག་རྐྱེན་མེད་པར་སྒྱུར་བཀོད་བྱས་པ་དང་། སྒོར་ཁྲི་981.4བཏང་ནས་དམིགས་བསལ་དཀའ་ངལ་ཡོད་པའི་རྒན་རྒོན་གྱི་ཁྱིམ་ཚང་2804ལ་རྒན་འཕྲོད་ཅན་གྱི་སྒྱུར་བཀོད་བྱས་པ། སྤྱི་པའི་རིག་གནས་སྒྲིག་བཀོད་དང་། ཡུལ་སྐོར་མཛེས་ལྗོངས་ཁུལ། སྤྱི་པའི་ལུས་རྩལ་ཁང་བཅས་རྒན་རྒོན་ལ་རིན་མེད་དམ་ཡང་ན་རིན་གོང་དམའ་པོས་སྒོ་ཕྱེ་བ་དང་འགྲིམ་འགྲུལ་འགྲོ་སྐྱོད་དང་། སྲིད་དོན་ཞབས་ཞུ། སྤྱི་པའི་བྱེད་སྒོ་སྤེལ་ཡུལ་བཅས་ཀྱི་རྒན་འཕྲོད་ཅན་དང་འགོག་རྐྱེན་མེད་པའི་ཁོར་ཡུག་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་བཏང་བ། སྡེ་ཚན་ཁག་གི་རྒན་རྒོན་མང་བའི་སྤྱི་ཚོགས་ཀྱི་རྒྱལ་བབས་དང་ལྗོངས་བབས་ཀྱི་སློབ་གསོར་ལོ་རེ་བཞིན་ཤུགས་སྣོན་རྒྱག་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།