དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སྨི་9315ཡོད་པའི་ཆུ་འོག་གཞུང་ལམ་གྱི་ཕུག་ལམ་རིང་ཤོས་འབིགས་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ལི་ཤིན་ཕིང་།   |     སྤེལ་དུས།  2025-04-12

    འདི་ནི“ཅང་ཧའེ་རྟགས་ཅན”འབིགས་འཕྲུལ་གྱི་ནང་ངོས་རྣམ་པ་ཡིན་པ། ཧྥན་ཧྲའོ་ཝུན་གྱིས་པར་བླངས།

    ཟླ་4ཚེས་9ཉིན་གྱི་སྔ་དྲོར། འབྲི་ཆུ་རྒྱ་མཚོར་འདྲེས་སའི་ཅང་སུའུ་ནན་ཐུང་ཧའེ་མོན་ཆུས་སུ་སྨི་16རིམ་པའི་རྒྱལ་ཐོན་ཚངས་ཐིག་ཆེ་ཤོས་ཀྱི་འབིགས་འཕྲུལ“ཅང་ཧའེ་རྟགས་ཅན”བདེ་བླག་ངང་སྤྱོད་འགོ་ཚུགས་པ་དེ་ཐོག་ནས་ཀྲུང་གོ་ལྕགས་ལམ་ཅུས་རྩད་ཞིབ་ཇུས་འགོད་ཁང་བཞི་པ་དང་ཀྲུང་གོ་ལྕགས་ལམ་ཅུས་བཅུ་བཞི་པས་བསྐྲུན་པའི་ཧའེ་ཐའེ་འབྲི་ཆུའི་ཕུག་ལམ་འབིགས་འགོ་ཚུགས་པ་མཚོན་ཡོད། དེ་ནི་མིག་སྔར་འཛམ་གླིང་ཐོག་ཆུ་འོག་གཞུང་ལམ་གྱི་སོར་འབིགས་ཕུག་ལམ་རིང་ཤོས་ཡིན།

    ཕུག་ལམ་དེ་ནི་ཅང་སུའུ་ཡི་འབྲི་ཆུ་རྒྱ་མཚོར་འདྲེས་སའི་ཁུལ་དུ་གནས་པ་དང་། ནན་ཐུང་ཧའེ་མོན་ཆུས་དང་སུའུ་ཀྲོའུ་ཐའེ་ཚང་གྲོང་ཁྱེར་སྦྲེལ་མཐུད་བྱས་ཡོད། ཕྱོགས་གཉིས་འཁོར་ལམ་དྲུག་གི་མྱུར་བགྲོད་གཞུང་ལམ་གྱི་ཕུག་ལམ་ཞིག་ཡིན་པ་དེའི་ཇུས་འགོད་མྱུར་ཚད་སྤྱི་ལེ་100ཡིན་པ་དང་། སོར་འབིགས་དུམ་བུའི་རིང་ཚད་སྨི་9315ཡོད་པ། གཏིང་རིང་ཤོས་འབྲི་ཆུའི་འོག་གི་སྨི་75སར་གནས་པས། བར་ཐག་རིང་ཤོས་དང་། ཚངས་ཐིག་ཆེ་ཤོས། ཆུ་གནོན་མཐོ་ཤོས། གཏིང་རིང་ཤོས། རྙོག་འཛིང་ཆེ་ཤོས་བཅས་ཡིན་པ་རེད།

    ཕུག་ལམ་དེ་ནི《འབྲི་ཆུའི་མ་ལམ་གྱི་གཙང་སྒྲོལ་བགྲོད་ལམ་བཀོད་སྒྲིག་འཆར་འགོད(2020ལོ་ནས་2035ལོ་བར)》ནང་གཙོ་གནད་སྐུལ་སྤེལ་འཛུགས་སྐྲུན་རྣམ་གྲངས་ཤིག་ཡིན་པ་དང་། དེའི་འཛུགས་སྐྲུན་གྱིས་འབྲི་ཆུའི་ཟུར་གསུམ་ཁུལ་ས་ཁོངས་གཞི་གཅིག་ཅན་འཕེལ་རྒྱས་དང་འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་འཕེལ་རྒྱས་སོགས་རྒྱལ་ཁབ་ཀྱི་འཐབ་ཇུས་ལ་ཞབས་འདེགས་ཞུ་རྒྱུ་དང་། འབྲི་ཆུའི་མ་ལམ་གྱི་གཙང་སྒྲོལ་བགྲོད་ལམ་གྱི་བཀོད་པ་ལེགས་སུ་གཏོང་རྒྱུ། འབྲི་ཆུའི་རྒྱུད་ཀྱི་ཡུག་འབྲེལ་གྲོང་ཚོགས་ཀྱི་གཙང་སྒྲོལ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།